Skip to main content Skip to search
byang bdag rig 'dzin ngag gi dbang po
ID:
T237927
  • བྱང་བདག་རིག་འཛིན་ངག་གི་དབང་པོ (Tibetan, Tibetan script, Original)
    • > byang bdag rig 'dzin ngag gi dbang po (Tibetan, Latin script, Transliteration-THL Extended Wylie Transliteration)
    • > jang dak rigdzin ngak gi wangpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

བྱང་བདག་དབང་པོའི་སྡེའི་རིགས་སྲས་སུ་རབ་བྱུང་བཅུ་པའི་ལྕགས་འབྲུག་༡༥༨༠ལོར་སྐུ་འཁྲུངས། ཆུང་དུས་ནས་རྙིང་མའི་ཆོས་སྒོར་ཞུགས་ཏེ་མདོ་སྔགས་རིག་པའི་གནས་ཀུན་ལ་སྦྱངས་པ་མཐར་ཕྱིན་པ་མཛད། རབ་བྱུང་བཅུ་གཅིག་པའི་ཆུ་སྤྲེལ་༡༦༣༢ལོར་ཐུབ་བསྟན་རྡོ་རྗེ་བྲག་ཨེ་ཝཾ་ལྕོག་སྒར་བཏབ། གདོང་ཐོག་པས་གསུངས དེ་ནི་སྔ་འགྱུར་རྙིང་མ་བྱང་རྒྱུད་ལུགས་ཀྱི་གདན་ས་གཙོ་བོ་ཞིག་ཡིན། བྱང་བདག་རིག་འཛིན་ངག་གི་དབང་པོ་མཆོག་རབ་བྱུང་བཅུ་གཅིག་པའི་ས་ཡོས་༡༦༣༩ལོར་སྐུ་གཤེགས།

language:
Tibetan

2. Thupten Phuntsok Dictionary

བྱང་བདག་དབང་པོའི་སྡེའི་རིགས་སྲས་སུ་རབ་བྱུང་བཅུ་པའི་ལྕགས་འབྲུག (༡༥༨༠) ལོར་སྐུ་འཁྲུངས། ཆུང་དུས་ནས་རྙིང་མའི་ཆོས་སྒོར་ཞུགས་ཏེ་མདོ་སྔགས་རིག་གནས་ཀུན་ལ་སྦྱངས་པ་མཐར་ཕྱིན་མཛད། རབ་བྱུང་བཅུ་གཅིག་པའི་ཆུ་སྤྲེལ (༡༦༣༢) ལོར་ཐུབ་བསྟན་རྡོ་རྗེ་བྲག་ཨེ་ཝཾ་ལྕོག་སྒར་བཏབ། (གདོང་ཐོག་པས་གསུངས) དེ་ནི་སྔ་འགྱུར་རྙིང་མ་བྱང་རྒྱུད་ལུགས་ཀྱི་གདན་ས་གཙོ་བོ་ཞིག་ཡིན། བྱང་བདག་རིག་འཛིན་ངག་གི་དབང་པོ་མཆོག་རབ་བྱུང་བཅུ་གཅིག་པའི་ས་ཡོས (༡༦༣༩) ལོར་སྐུ་གཤེགས།

language:
Tibetan