- byang pa bdag po
- ID:
- T237932
- བྱང་པ་བདག་པོ (Tibetan, Tibetan script, Original)
- > byang pa bdag po (Tibetan, Latin script, Transliteration-THL Extended Wylie Transliteration)
- > jangpa dakpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
བྱང་པའི་ཞལ་ངོ་གྲགས་པ་འོད་ཟེར་གྱི་སྐབས་འགྲོ་མགོན་འཕགས་པ་རྒྱ་ནག་ཏུ་ཕེབས་སྐབས་ཆིབས་ཞབས་སུ་སོང་ནས་འཕགས་པ་འདས་རྗེས་སེ་ཆེན་ཧན་གྱི་མཆོད་གནས་བྱས་ཏེ་ཏི་ཤྲཱིའི་གོ་གནས་བྱུང་བས་ཏི་ཤྲཱི་གྲགས་པ་འོད་ཟེར་ཞེས་ཞིང་། རྒྱལ་པོའི་ལུང་གིས་སྐྱར་སྐྱ་ནས་འཇད་ཡན་གྱི་སྟོད་བྱང་གི་ཡུལ་ལྗོངས་ལ་དབང་བིའི་ཁྲི་དཔོན་གྱི་འཇའ་ས་ལོན་པ་ནས་སྟོབས་ཆེ། རྫོང་ཇི་གྲགས་པ་རིན་ཆེན་གྱིས་འགོ་བྱས་པའི་ཕག་མོ་གྲུ་པའི་དམག་ལན་གཅིག་སླེབས་ཀྱང་སྐྱོན་ཆེ་བ་མ་བྱུང་། བདག་པོ་རྣམ་རྒྱལ་གྲགས་བཟང་རྒྱལ་པོ་པཎྜི་ཏ་ཞེས་ཟེར་དང་དཀོན་མཆོག་ལེགས་པ་སྤུན་མཆེད་གཉིས་ཀྱི་དུས་ལྷོ་བྱང་གཉིས་སྲིད་གཅིག་ཏུ་བསྒྲིལ་བར་བརྟེན། ལྷོ་པའི་ས་ཆ་འགའ་ཚུར་ཆོད། ངམ་རིང་ཆོས་སྡེར་དངུལ་ལས་གྲུབ་པའི་དུས་འཁོར་གྱི་བློས་བསླངས་བཞེངས། གཞན་ཡང་གསེར་ཟངས་ལས་གྲུབ་པའི་སྐུ་རྟེན་མང་པོ་དང་། གསེར་ཆོས་བཀའ་འགྱུར་བཞེངས། ངམ་རིང་ཆོས་སྡེར་མཚན་ཉིད་ཀྱི་བཤད་གྲྭ་བཙུགས། ཆོས་ལུགས་ནི་ས་སྐྱ་པ་ཉག་གཅིག་ལ་ཇོ་ནང་པ་དང་བོ་དོང་པ་བྱང་སེམས་གཞོན་ནུ་རྒྱལ་མཆོག་སོགས་བླ་མར་བསྟེན་ཅིང་། མངའ་འོག་ཏུ་ཡོད་པའི་དགེ་ལུགས་པའང་མཆོད་བཀུར་བྱེད། དཔོན་བློན་རྣམས་སྡོད་ཚུགས་པས་ཁྲི་སྐོར་གྱི་སྡེ་ལ་ཤོར་གོད་མ་བྱུང་ཞིང་མངའ་ཐང་ཆེ་བར་ཡོད།
- language:
- Tibetan
2. Thupten Phuntsok Dictionary
བྱང་པའི་ཞལ་ངོ་གྲགས་པ་འོད་ཟེར་གྱི་སྐབས་འགྲོ་མགོན་འཕགས་པ་རྒྱ་ནག་ཏུ་ཕེབས་སྐབས་ཆིབས་ཞབས་སུ་སོང་ནས་འཕགས་པ་འདས་རྗེས་སེ་ཆེན་ཧན་གྱི་མཆོད་གནས་བྱས་ཏེ་ཏི་ཤྲཱིའི་གོ་གནས་བྱུང་བས་ཏི་ཤྲཱི་གྲགས་པ་འོད་ཟེར་ཞེས་ཟེར། ཧོར་དཀར་གྲགས་འོད་མ་ཡང་འདི་དུས་བྱུང་ཞིང་། རྒྱལ་པོའི་ལུང་གིས་སྐྱར་སྐྱ་ནས་འཇད་ཡན་གྱི་ལ་སྟོད་བྱང་གི་ཡུལ་ལྗོངས་ལ་དབང་བའི་ཁྲི་དཔོན་གྱི་འཇའ་ས་ལོན་པ་ནས་སྟོབས་ཆེ། རྫོང་ཇི་གྲགས་པ་རིན་ཆེན་གྱིས་འགོ་བྱས་པའི་ཕག་མོ་གྲུ་པའི་དམག་ལན་གཅིག་སླེབས་ཀྱང་སྐྱོན་ཆེ་བ་མ་བྱུང་། བདག་པོ་རྣམ་རྒྱལ་གྲགས་བཟང (རྒྱལ་པོ་པཎྜི་ཏ་ཞེས་ཟེར) དང་དཀོན་མཆོག་ལེགས་པ་སྤུན་མཆེད་གཉིས་ཀྱི་དུས་ལྷོ་བྱང་གཉིས་སྲིད་གཅིག་ཏུ་བསྒྲིལ་བར་བརྟེན། ལྷོ་པའི་ས་ཆ་འགའ་ཚུར་ཆོད། ངམ་རིང་ཆོས་སྡེར་དངུལ་ལས་གྲུབ་པའི་དུས་འཁོར་གྱི་བློས་བསླངས་བཞེངས། གཞན་ཡང་གསེར་ཟངས་ལས་གྲུབ་པའི་སྐུ་རྟེན་མང་པོ་དང་། གསེར་ཆོས་བཀའ་འགྱུར་བཞེངས། ངམ་རིང་ཆོས་སྡེར་མཚན་ཉིད་ཀྱི་བཤད་གྲྭ་བཙུགས། ཆོས་ལུགས་ནི་ས་སྐྱ་པ་ཉག་གཅིག་ལ་ཇོ་ནང་པ་དང་བོ་དོང་པ་བྱང་སེམས་གཞོན་ནུ་རྒྱལ་མཆོག་སོགས་བླ་མར་བསྟེན་ཅིང་། མངའ་འོག་ཏུ་ཡོད་པའི་དགེ་ལུགས་པ་ལའང་མཆོད་བཀུར་བྱེད། དཔོན་བློན་རྣམས་སྡོད་ཚུགས་པས་ཁྲི་སྐོར་གྱི་སྡེ་ལ་ཤོར་གོད་མ་བྱུང་ཞིང་མངའ་ཐང་ཆེ་བར་ཡོད།
- language:
- Tibetan