Skip to main content Skip to search
byang sman
ID:
T237937
  • བྱང་སྨན (Tibetan, Tibetan script, Original)
    • > byang sman (Tibetan, Latin script, Transliteration-THL Extended Wylie Transliteration)
    • > jang men (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རི་རབ་ཀྱི་བྱང་ཕྱོགས་ཀེ་ལ་ཤའི་གླིང་དུ་གནས་པར་གྲགས་པའི་སྲིད་པའི་མ་མོ་སྤུན་བདུན་གྱི་མིང་ངམ་ལྷ་གནས་སུམ་ཅུ་རྩ་གསུམ་གྱི་བྱང་ཤར་མུ་ལེ་མཐིང་མཚོར་གནས་པར་གྲགས་པའི་མ་གཅིག་དཔལ་ལྡན་ལྷ་མོའི་མཚན་གྱི་རྣམ་གྲངས་ཤིག་སྟེ། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། བྱང་སྨན་ནི། སྔོན་དབང་ཕྱུག་ཆེན་པོས་བྷ་གའི་ཐབ་ཏུ་སྦྱིན་བསྲེག་བྱས་པའི་རྡུལ་གྱི་ཐིག་པ་མེའི་ནང་སོང་བ་ལས་སྐྱེས་པའི་སྲིད་པའི་མ་མོ་སྤུན་བདུན་དུ་གྲགས་པ་དེ་གཙོ་ཆེར་རི་རབ་དང་ཉེ་བའི་བྱང་ཕྱོགས་ཀེ་ལ་ཤའི་གླིང་དུ་གནས་ཤིང་སྐྱེ་འགྲོའི་སྲོག་ལ་ལོངས་སྤྱོད་པ་དེའི་མིང་ངམ་ཡང་ན་འཕགས་མ་ཀུན་ཏུ་བཟང་མོའི་ཐུགས་ཀྱི་སྤྲུལ་པ་དཔལ་ལྡན་ལྷ་མོ་རེ་མ་ཏི་ཞེས་སུམ་ཅུ་རྩ་གསུམ་གནས་ཀྱི་བྱང་ཤར་ཕྱོགས་སུ་མུ་ལེ་མཐིང་གི་རྒྱ་མཚོ་ཆེན་མོར་ཡོངས་འདུའི་ཤིང་ལ་བརྟེན་ནས་སྨན་མོའི་གཟུགས་སུ་སྤྲུལ་ནས་གནས་པ་དེའི་མཚན་ནོ། །

language:
Tibetan