- byang sems kun dga' bzang po
- ID:
- T237944
- བྱང་སེམས་ཀུན་དགའ་བཟང་པོ (Tibetan, Tibetan script, Original)
- > byang sems kun dga' bzang po (Tibetan, Latin script, Transliteration-THL Extended Wylie Transliteration)
- > changsem kün ga zangpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྗེ་འདི་ནི་རྒྱལ་བ་ཙོང་ཁ་པ་ཆེན་པོའི་དངོས་སློབ་ཡིན་ཞིང་། རབ་བྱུང་དྲུག་པའི་མེ་རྟ་༡༣༦༦ལོར་ཟུ་མཁར་དུ་ལྕེའི་རིགས་སུ་སྐུ་འཁྲུངས། ཐོག་མར་རྩེད་ཐང་དུ་རྙིང་མའི་འཆད་ཉན་པ་མཛད། དེ་ནས་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་དང་། འཇམ་མགོན་ཆོས་ཀྱི་རྒྱལ་པོ་ལས་མདོ་སྔགས་ཀྱི་ཆོས་མང་དུ་གསན། དགུང་ལོ་དོན་གསུམ་ལ་ཕེབས་པ་རབ་བྱུང་བདུན་པའི་ས་རྟ་༡༤༣༨ལོར་གཙང་པོ་བྱང་ཟུར་མཁརནང་དུ་ཆོས་སྡེ་མདོ་སྔགས་གླིང་བཏབ། དབུ་ཚད་དང་གསང་བདེ་གཉིས་ཀྱི་འཆད་ཉན་བཙུགས། བྱང་སེམས་རིན་པོ་ཆེར་སློབ་མ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན། དགེ་སློང་བསོད་ནམས་གྲགས་པ། དགེ་སློང་ཐུབ་པ། དགེ་སློང་རང་སངས་རྒྱས་སོགས་ཆེ་གྲྭ་མང་དུ་འདུས། དགུང་ལོ་དོན་དགུ་ཕེབས་པ་རབ་བྱུང་བདུན་པའི་ཤིང་བྱི་༡༤༤༤ལོར་དགོངས་པ་གཞན་དོན་དུ་གཤེགས།
- language:
- Tibetan
2. Thupten Phuntsok Dictionary
རྗེ་འདི་ནི་རྒྱལ་བ་ཙོང་ཁ་པ་ཆེན་པོའི་དངོས་སློབ་ཡིན་ཞིང་། རབ་བྱུང་དྲུག་པའི་མེ་རྟ (༡༣༦༦) ལོར་ཟུར་མཁར་དུ་ལྕེའི་རིགས་སུ་སྐུ་འཁྲུངས། ཐོག་མར་རྩེད་ཐང་དུ་རྙིང་མའི་འཆད་ཉན་པ་མཛད། དེ་ནས་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་དང་། འཇམ་མགོན་ཆོས་ཀྱི་རྒྱལ་པོ་ལས་མདོ་སྔགས་ཀྱི་ཆོས་མང་དུ་གསན། དགུང་ལོ་དོན་གསུམ་ལ་ཕེབས་པ་རབ་བྱུང་མཁར་ནང་དུ་ཆོས་སྡེ་མདོ་སྔགས་གླིང་བཏབ། དབུ་ཚད་དང་གསང་བདེ་གཉིས་ཀྱི་འཆད་ཉན་བཙུགས། བྱང་སེམས་རིན་པོ་ཆེར་སློབ་མ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན། ཚལ་པ་ཆོས་རྗེ་བསོད་ནམས་རིན་ཆེན། ཆོས་རྗེ་བློ་གྲོས་རྣམ་རྒྱལ། དགེ་སློང་བསོད་ནམས་གྲགས་པ། དགེ་སློང་ཐུབ་པ། དགེ་སློང་རང་སངས་རྒྱས་སོགས་ཆེ་གྲྭ་མང་དུ་འདུས། དགུང་ལོ་དོན་དགུ་ལ་ཕེབས་པ་རབ་བྱུང་བདུན་པའི་ཤིང་བྱི (༡༤༤༤) ལོར་དགོངས་པ་གཞན་དོན་དུ་གཤེགས།
- language:
- Tibetan