- byang sems rgyal ba ye shes
- ID:
- T237948
- བྱང་སེམས་རྒྱལ་བ་ཡེ་ཤེས (Tibetan, Tibetan script, Original)
- > byang sems rgyal ba ye shes (Tibetan, Latin script, Transliteration-THL Extended Wylie Transliteration)
- > changsem gyalwa yeshe (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ཀྱི་དངོས་སློབ་འདི་ཉིད་རབ་བྱུང་བཞི་པའི་མེ་སྦྲུལ་༡༢༥༧ལོར་སྐུ་བལྟམས། ཕྱིས་ཇོ་མོ་ནང་དུ་བྱོན་ནས་ཀུན་སྤངས་པའི་གཞུང་གདམས་ངག་ཐམས་ཅད་གསན་ཞིང་ཉམས་སུ་རྫོགས་པར་བཞེས། དགུང་ལོ་ལྔ་བཅུ་ང་བདུན་ལ་ཕེབས་པ་རབ་བྱུང་ལྔ་པའི་ཆུ་གླང་༡༣༡༣ལོར་རྗེ་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ཀྱིས་ཇོ་ནང་གི་གདན་ས་རྗེ་འདི་ལ་གཏད། བླ་མ་ཀུན་བསོད་པ་ལ་སོགས་པའི་དགེ་བཤེས་གཉེན་མང་པོ་དང་། དཔོན་ཆེན་བྱང་རྡོར་དང་དཔོན་ཆེན་ཡོན་བཙུན་ལ་སོགས་པའི་ཆེན་པོ་རྣམས་ཀྱིས་ཀྱང་ཞབས་ལ་གཏུགས། ཁྲིད་བཏབ་པའི་སློབ་མ་ཕལ་ཆེ་ལ་མྱོང་བ་ཁྱད་པར་ཅན་སྐྱེས། ཐ་མ་ཡང་རྟགས་མ་རྫོགས་པ་མེད་ཅེས་གསུངས། མཁས་བཙུན་ཡོན་ཏན་རྒྱ་མཚོ་སོགས་སློབ་མ་མང་དུ་བྱོན། གདན་ས་ལོ་བརྒྱད་བསྐྱངས་ཏེ་དགུང་ལོ་དྲུག་ཅུ་རེ་བཞི་ལ་ཕེབས་པ་རབ་བྱུང་ལཐང་པའི་ལྕགས་སྤྲེལ་༡༣༢༠ལོར་གཤེགས།
- language:
- Tibetan
2. Thupten Phuntsok Dictionary
ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ཀྱི་དངོས་སློབ་འདི་ཉིད་རབ་བྱུང་བཞི་པའི་མེ་སྦྲུལ (༡༢༥༧) ལོར་སྐུ་བལྟམས། ཕྱིས་ཇོ་མོ་ནང་དུ་བྱོན་ནས་ཀུན་སྤངས་པའི་གཞུང་གདམས་ངག་ཐམས་ཅད་གསན་ཞིང་ཉམས་སུ་རྫོགས་པར་བཞེས། དགུང་ལོ་ལྔ་བཅུ་ང་བདུན་ལ་ཕེབས་པ་རབ་བྱུང་ལྔ་པའི་ཆུ་གླང (༡༣༡༣) ལོར་རྗེ་ཀུན་སྤང་ཐུགས་རྗེ་བརྩོན་འགྲུས་ཀྱིས་ཇོ་ནང་གི་གདན་ས་རྗེ་འདི་ལ་གཏད། བླ་མ་ཀུན་བསོད་པ་ལ་སོགས་པའི་དགེ་བའི་བཤེས་གཉེན་མང་པོ་དང་། དཔོན་ཆེན་བྱང་རྡོར་དང་དཔོན་ཆེན་ཡོན་བཙུན་ལ་སོགས་པའི་ཆེན་པོ་རྣམས་ཀྱིས་ཀྱང་ཞབས་ལ་གཏུགས། ཁྲིད་བཏབ་པའི་སློབ་མ་ཕལ་མོ་ཆེ་ལ་མྱོང་བ་ཁྱད་པར་ཅན་སྐྱེས། ཐ་མ་ཡང་རྟགས་མ་རྫོགས་པ་མེད་ཅེས་གསུངས། མཁས་བཙུན་ཡོན་ཏན་རྒྱ་མཚོ་སོགས་སློབ་མ་མང་དུ་བྱོན། གདན་ས་ལོ་བརྒྱད་བསྐྱངས་ཏེ་དགུང་ལོ་དྲུག་ཅུ་རེ་བཞི་ལ་ཕེབས་པ་རབ་བྱུང་ལྔ་པའི་ལྕགས་སྤྲེལ (༡༣༢༠) ལོར་གཤེགས།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་བཞི་པའི་མེ་མོ་སྦྲུལ་ལོ་སྟེ་སྤྱི་ལོ 1257 ལོར་སྐུ་འཁྲུངས། རབ་བྱུང་ལྔ་པའི་ལྕགས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ 1320 ལོར་སྐུ་གཤེགས། ཁོང་གིས་སྤྱིར་ཡོངས་སུ་གྲགས་པའི་དགེ་བའི་བཤེས་གཉེན་མང་པོའི་ཞབས་ལ་གཏུགས་ཤིང་མདོ་རྒྱུད་བསྟན་བཅོས་ཐམས་[1117]ཅད་ལ་མཁས་པར་བསླབས། དུས་ཕྱིས་སུ་ཇོ་མོ་ནང་དུ་ཕེབས་ནས་ཆོས་རྗེ་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་དང་མཇལ་ཞིང་གཞུང་གདམས་ངག་ཐམས་ཅད་གསན་ཏེ་ཉམས་སུ་རྫོགས་པར་བཞེས། དགུང་ལོ་ལྔ་བཅུ་རྩ་བདུན་པ་རབ་བྱུང་ལྔ་པའི་ཆུ་མོ་གླང་ལོ་སྟེ་སྤྱི་ལོ 1313 ལོར་ཇོ་ནང་གི་གདན་སར་ཕེབས་ཏེ་དགེ་འདུན་མང་པོའི་ཚོགས་པ་བསྐྱངས་ཤིང་འཆད་ཉན་གྱི་མཛད་སྒོ་ཤིན་ཏུ་དར་བར་མཛད། བླ་མ་ཀུན་དགའ་བསོད་ནམས་ལ་སོགས་པའི་དགེ་བའི་བཤེས་གཉེན་མང་པོ་དང་། དཔོན་ཆེན་བྱང་ཆུབ་རྡོ་རྗེ་དང་དཔོན་ཆེན་ཡོན་ཏན་བཙུན་པ་ལ་སོགས་པའི་ཆེན་པོ་རྣམས་ཀྱིས་ཀྱང་ཞབས་ལ་གཏུགས་ཤིང་བཀུར་བསྟི་ཆེན་པོར་མཛད། ལོ་ངོ་བརྒྱད་ཀྱི་རིང་དུ་གདན་སར་བཞུགས་ཏེ་དགོན་པའི་མངའ་ཐང་ཤིན་ཏུ་དར་བར་མཛད་ཅིང་དགུང་ལོ་དྲུག་ཅུ་རྩ་བཞི་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ། ཁོང་ནི་ཇོ་ནང་དགོན་པའི་གདན་རབས་གཉིས་པ་ཡིན། །
- language:
- Tibetan