Skip to main content Skip to search
byams chen rab 'byams pa
ID:
T237961
  • བྱམས་ཆེན་རབ་འབྱམས་པ (Tibetan, Tibetan script, Original)
    • > byams chen rab 'byams pa (Tibetan, Latin script, Transliteration-THL Extended Wylie Transliteration)
    • > jamchen rabjam pa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རྗེ་འདི་ཉིད་རབ་བྱུང་བདུན་པའི་ལྕགས་ཡོས (༡༤༡༡) ལོར་རོང་གི་སྣར་རྡོ་སྤེ་ཞེས་པར་སྐུ་བལྟམས། དགུང་ལོ་བདུན་པ་ལ་ཆོས་འཁོར་སྒང་དུ་སེང་གེ་རྒྱལ་མཚན་ལས་རབ་ཏུ་བྱུང་། དགུང་ལོ་བཅུ་གསུམ་ལ་གསང་ཕུ་ནེའུ་ལ་ཕེབས་ཏེ་ཤངས་སྟོན་རིན་ཆེན་གྲུབ་པ་ལ་གསན་པ་མཛད། དགུང་གྲངས་བཅུ་བཞི་པ་ལ་མངོན་དགའི་ཆོས་གྲྭར་དཀའ་བའི་གྲྭ་སྐོར་གནང་བས་སྐྱོག་པོ་དཀའ་བཞི་པར་གྲགས། དགུང་ལོ་བཅོ་བརྒྱད་པར་རྩེད་ཐང་དུ་དཀའ་བཅུའི་གྲྭ་སྒོར་གནང་ཞིང་གསང་ཕུའི་ཆོས་ལུང་དུ་བཞུགས་ས་མཛད་པས་ཆོས་ལུང་དཀའ་བཅུ་པར་གྲགས། དགུང་ལོ་ཉི་ཤུ་རྩ་བརྒྱད་པ་ལ་གཞུང་ལུགས་རབ་འབྱམས་རྒྱ་མཚོར་ས་སྐྱ་དགོན་དུ་བཤད་པའི་དགའ་སྟོན་སྤེལ་བས་བྱམས་ཆེན་རབ་འབྱམས་པ་ཞེས་གྲགས། དེ་ནས་སེམས་པ་ཆེན་པོ་གཞོན་ནུ་རྒྱལ་མཆོག རོང་ཆུང་ཤེར་དཔལ་སོགས་ལས་མདོ་ཕྱོགས་ཀྱི་གསན་པ་རྒྱ་ཆེར་མཛད། ཨེ་ཝཾ་ཆོས་ལྡན་དུ་རྡོ་རྗེ་འཆང་གིས་མཁན་པོ། རྗེ་འཁོར་ལོ་སྡོམ་པས་ལས་གསང་། མཁས་མཆོག་གཞོན་སེང་གིས་དུས་གོ་བར་མཛད་དེ་བསྙེན་པར་རྫོགས། དགུང་གྲངས་སོ་བརྒྱད་ལ་ཕེབས་པ་ས་འབྲུག (༡༤༤༨) ལོར་ཁ་རེག་བོད་འབྲུག་ཏུ་བསྟན་པའི་གཞི་བཙུགས། དགུང་གྲངས་སོ་དགུ་པ་ས་སྦྲུལ (༡༤༤༩) ལོར་རིན་སྤུངས་ནོར་བུ་བཟང་པོས་མཐུན་པའི་རྐྱེན་སྦྱར་ཏེ་འབྲས་ཡུལ་སྐྱེད་ཚལ་ཕྱག་བཏབ་ནས་འཆད་རྩོད་རྩོམ་གསུམ་གྱིས་རྒྱལ་བའི་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད། བསྟན་འཛིན་གྱི་ཐུགས་སྲས་མཁས་གྲུབ་བསྟན་གསལ། རྩེད་ཐང་སངས་ལྷུན། གོ་བོ་རབ་འབྱམས་པ། འབུམ་ཕྲག་གསུམ་པ། འཇམ་པའི་དབྱངས་ཀུན་དགའ་ཆོས་བཟང་སོགས་མང་དུ་བྱོན། མཐར་དགུང་གྲངས་དོན་ལྔ་ལ་ཕེབས་པ་རབ་བྱུང་བརྒྱད་པའི་ཤིང་སྦྲུལ (༡༤༨༥) ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ།

language:
Tibetan