Skip to main content Skip to search
byams pa mched bzhi
ID:
T237965
  • བྱམས་པ་མཆེད་བཞི (Tibetan, Tibetan script, Original)
    • > byams pa mched bzhi (Tibetan, Latin script, Transliteration-THL Extended Wylie Transliteration)
    • > jampa ché shyi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ལོ་རྒྱུས་ཐོག་བཤད་སྲོལ་ལ་རྒྱལ་པོ་གླང་དར་མའི་སྐབས་ལྷ་སར་བཞུགས་པའི་པཎྜི་ཏ་ཚུལ་ཁྲིམས་ནོར་གྱིས་གཙུག་ལག་ཁང་གི་ཤར་ངོས་སྒོ་འགྲམ་གྱི་ལྷ་ཁང་དུ་བཞུགས་པའི་ཛམ་བྷ་ལའི་མདུན་དུ་བསྙེན་སྒྲུབ་གནང་བས་དངོས་གྲུབ་ཀྱི་རྟགས་གང་ཡང་མ་བྱུང་སྐབས་པཎྜི་ཏ་ཁྲོས་ནས་ཛམ་བྷ་ལའི་སྐུའི་ལྟོ་བར་མཁར་གསིལ་བསྣུན་པས་སྐུའི་ལྟོ་པགས་པའི་ནང་ནས་རྒྱ་དངུལ་གྱི་གཏེར་མང་པོ་ཐོན་པ་དེས་རྒྱུ་བྱས་ནས་རས་གཟིགས་ཁ་སར་པཱཎི་དང་། གསེར་བྲིས་ཀྱི་ཉི་ཁྲི། དངུལ་གྱི་བྱ་མ་བུམ་ལ་སོགས་པ་བཞེངས་ཤིང་། དེའི་ཉེ་གནས་ཁ་ཆེ་ཨུཏྤ་ལས་དངུལ་ལས་བྱས་པའི་རྗེ་བཙུན་བྱམས་མགོན་གྱི་སྐུ་བཞི་བཞེངས་པ་ལ་བྱམས་པ་མཆེད་བཞི་ཟེར་ཞེས་ཀྱང་བཤད་སྲོལ་འདུག

language:
Tibetan

2. Thupten Phuntsok Dictionary

ལོ་རྒྱུས་ཐོག་བཤད་སྲོལ་ལ་རྒྱལ་པོ་གླང་དར་མའི་སྐབས་ལྷ་སར་བཞུགས་ཕྱག་པའི་པཎྜི་ཏ་ཚུལ་ཁྲིམས་ནོར་གྱིས་གཙུག་ལག་ཁང་གི་ཤར་ངོས་སྒོ་འགྲམ་གྱི་ལྷ་ཁང་དུ་བཞུགས་པའི་ཛམ་བྷ་ལའི་མདུན་དུ་བསྙེན་སྒྲུབ་གནང་བས་དངོས་གྲུབ་ཀྱི་རྟགས་གང་ཡང་མ་བྱུང་སྐབས་པཎྜི་ཏ་ཁྲོས་ནས་ཛམ་བྷ་ལའི་སྐུའི་ལྟོ་བར་མཁར་གསིལ་བསྣུན་པས་སྐུའི་ལྟོ་པགས་པའི་ནང་ནས་རྒྱ་དངུལ་གྱི་གཏེར་མང་པོ་ཐོན་པ་དེས་རྒྱུ་བྱས་ནས་སྤྱན་རས་གཟིགས་ཁ་སར་པཱཎི་དང་། གསེར་བྲིས་ཀྱི་ཉི་ཁྲི། དངུལ་གྱི་བྱ་མ་བུམ་ལ་སོགས་པ་བཞེངས་ཤིང་། དེའི་ཉེ་གནས་ཁ་ཆེ་ཨུཏྤ་ལས་དངུལ་ལས་བྱས་པའི་རྗེ་བཙུན་བྱམས་མགོན་གྱི་སྐུ་བཞི་བཞེངས་པ་ལ་བྱམས་པ་མཆེད་བཞི་ཟེར་ཞེས་ཀྱང་བཤད་སྲོལ་འདུག

language:
Tibetan