- byams pa nam mkha' bsam grub
- ID:
- T237967
- བྱམས་པ་ནམ་མཁའ་བསམ་གྲུབ (Tibetan, Tibetan script, Original)
- > byams pa nam mkha' bsam grub (Tibetan, Latin script, Transliteration-THL Extended Wylie Transliteration)
- > jampa namkha sam drub (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
གཙང་ངོར་དགོན་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་སོ་གསུམ་པ་ཡིན། རབ་བྱུང་བཅུ་གཉིས་པའི་མེ་བྱི་སྤྱི་ལོ་ (༡༦༩༦) ལོར་ཤབ་སྟོད་རྗེ་ལུང་དུ་འཁྲུངས། དགུང་ལོ་བཅུ་དགུ་པ་ཤར་ཆེན་བློ་གྲོས་གྲགས་པ་ལས་བསྙེན་པར་རྫོགས། མཁན་ཆེན་བསོད་ནམས་དཔལ་ལྡན་ལས་ལམ་འབྲས་སོགས་གསན། དགུང་ལོ་སོ་ལྔ་པ་ལྕགས་ཁྱི་སྤྱི་ལོ་ (༡༧༣༠) ལོར་ཁྲིར་ཕེབས། ལམ་འབྲས་ཚར་གསུམ་། སྒྲུབ་ཐབས་བརྒྱ་རྩ་སོགས་གདུལ་བྱའི་བློ་དང་འཚམས་པའི་ཆོས་གསུངས། གདན་ས་ལོ་གསུམ་བསྐྱངས། ཨེ་ཝཾ་ཆོས་དུང་རིན་པོ་ཆེར་དངུལ་གཤོག་གསར་བསྒྲོན་མཛད། ཆུ་གླང་ནས་གཙོ་ཆེར་ཐར་རྩེར་བཞུགས། ཐར་རྩེར་རྟེན་བཞེངས་རྒྱ་ཆེར་མཛད། ང་དགུ་པ་རབ་བྱུང་བཅུ་གསུམ་པའི་ཤིང་ཁྱི་སྤྱི་ལོ་ (༡༧༥༤) ལོའི་ཟླ་བ་བཅུ་གཉིས་པའི་ཚེས་བཅུ་ཉིན་སྐུ་གཤེགས་སོ། །
- language:
- Tibetan