- byams pa tshul khrims dpal bzang
- ID:
- T237970
- བྱམས་པ་ཚུལ་ཁྲིམས་དཔལ་བཟང (Tibetan, Tibetan script, Original)
- > byams pa tshul khrims dpal bzang (Tibetan, Latin script, Transliteration-THL Extended Wylie Transliteration)
- > jampa tsultrim pal zang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
གཙང་ངོར་དགོན་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་ཉེར་བརྒྱད་པ་ཡིན། རབ་བྱུང་བཅུ་གཅིག་པའི་ཤིང་ཡོས་སྤྱི་ལོ་ (༡༦༧༥) ལོར་ཤར་མི་ཉག་ཡུལ་དུ་འཁྲུངས། ཨེ་ཝཾ་ཀླུ་ལྡིང་བླ་བྲང་དུ་ཤར་ཆེན་ཡེ་ཤེས་བཟང་པོས་གཅེས་སྐྱོང་མཛད། ཀུན་ཏུ་དགོས་པའི་གཞུང་བདུན་སོགས་ཐུགས་སྦྱངས་མཛད། དགུང་ལོ་ཉི་ཤུ་པ་ཤིང་ཁྱི་སྤྱི་ལོ་ (༡༦༩༥) ལོར་ཤར་ཆེན་དེ་ཉིད་ལས་བསྙེན་པར་རྫོགས། དགུང་ལོ་ཉེར་དགུ་པ་རབ་བྱུང་བཅུ་གཉིས་པའི་ཆུ་ལུག་སྤྱི་ལོ་ (༡༧༠༣) ལོར་ཁྲིར་ཕེབས། ལམ་འབྲས་ཚར་དགུ་གནང་། ཁྱད་པར་ཨེ་ཝཾ་གཙུག་ལག་ཁང་དུ་དགེ་འདུན་སུམ་བརྒྱ་ཙམ་ལ་རྡོ་རྗེ་འཕྲེང་བའི་དཀྱིལ་འཁོར་ཡོངས་རྫོགས་ཀྱི་དབང་བསྐུར་བསྩལ། ལོ་ཧྲིལ་པོ་བརྒྱད་རིང་གདན་ས་བསྐྱངས། དགུང་ལོ་སོ་དྲུག་པ་རབ་བྱུང་བཅུ་གཉིས་པའི་ལྕགས་སྟག་སྤྱི་ལོ་ (༡༧༡༠) ལོའི་ནག་པའི་ཚེས་ཉེར་ལྔ་ཉིན་སྐུ་གཤེགས་སོ། །
- language:
- Tibetan