Skip to main content Skip to search
byams pa tshul khrims lhun grub
ID:
T237971
  • བྱམས་པ་ཚུལ་ཁྲིམས་ལྷུན་གྲུབ (Tibetan, Tibetan script, Original)
    • > byams pa tshul khrims lhun grub (Tibetan, Latin script, Transliteration-THL Extended Wylie Transliteration)
    • > jampa tsultrim lhündrub (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

གཙང་ངོར་དགོན་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་སོ་གཉིས་པ་ཡིན། རབ་བྱུང་བཅུ་གཅིག་པའི་མེ་འབྲུག་སྤྱི་ལོ་ (༡༦༧༦) ལོར་དར་རྩེ་མདོར་འཁྲུངས། དགུང་ལོ་བཅོ་བརྒྱད་པར་ངོར་དུ་ཕེབས། མུས་ཀུན་དགའ་རྒྱ་མཚོ་སོགས་ལས་མདོ་སྔགས་གཞུང་ལུགས་ཁག་ལ་གསན་རྒྱ་ཆེ། བཅུ་དགུ་པ་ཤིང་ཁྱི་སྤྱི་ལོ་ (༡༦༩༤) ལོར་མཁས་གྲུབ་སངས་རྒྱས་ཕུན་ཚོགས་ལས་བསྙེན་པར་རྫོགས། གསུང་ངག་ལམ་འབྲས་སོགས་ཀྱི་ཆོས་བཀའ་གསན། ལྔ་བཅུ་པ་ཤིང་སྦྲུལ་སྤྱི་ལོ་ (༡༧༢༤) ལོར་ངོར་ཨེ་ཝཾ་པའི་ཁྲིར་ཕེབས། གདན་ས་ལོ་ལྔ་བསྐྱངས། བླ་བྲང་གཞུང་གཡབ་ཆེན་དུ་སྟོན་པའི་སྐུ་བརྙན་ཟངས་གསེར་ལས་གྲུབ་པ། གསེར་ཟངས་ཀྱི་རྒྱལ་མཚན་དང་། བཀའ་འགྱུར་ལྷ་ཁང་དུ་ཙན་དན་གྱི་སྐུ་སྒྲོས་གཙང་དུ་མ་བཞེངས། དགུང་ལོ་ང་ལྔ་པ་རབ་བྱུང་བཅུ་གཉིས་པའི་ལྕགས་ཁྱི་ལོ་སྟེ་སྤྱི་ལོ་ (༡༧༣༠) ཟླ་བ་གཉིས་པའི་ཚེས་བཅུ་བཞི་ལ་སྐུ་གཤེགས་སོ། །

language:
Tibetan