- byin len zhu
- ID:
- T238013
- བྱིན་ལེན་ཞུ (Tibetan, Tibetan script, Original)
- > byin len zhu (Tibetan, Latin script, Transliteration-THL Extended Wylie Transliteration)
- > jin len shyu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
དགེ་སློང་རྣམས་ཟས་མ་ཟོས་གོང་དུ། དགེ་སློང་རྣམས་ཀྱི་མདུན་དུ་བཟང་ཆས་རྣམས་བསྒྲིགས་ཟིན་པ་དང་། དགེ་ཚུལ་ཞིག་གིས་དེ་ཚུར་བླངས་ནས་ལག་པ་གཡས་པ་ཟས་སྣོད་གྱི་སྟེང་ལ་བཞག ལག་པ་གཡོན་པ་ཟས་སྣོད་ཀྱི་འོག་ཏུ་བཞག་ཏེ་གུས་འདུད་དང་སྦྲགས་དགེ་སློང་ལ་ཕར་ཕུལ་བ་དང་། དགེ་སློང་དེས་རང་གི་ལག་པ་གཡོན་པ་ཟས་སྣོད་ཀྱི་སྟེང་དུ་བཞག ལག་པ་གཡས་པ་ཟས་སྣོད་ཀྱོ་འོག་ཏུ་བཞག་ནས་ཚུར་ལེན་པ་དེར་ཟེར། གྲྭ་པ་ཚོགས་ཚུགས་སྐབས་རྩམ་པ་སོ་སོའི་ཤག་ནས་ཁྱེར་དགོས་པས་བྱིན་ལེན་མེད་པར་ཟ་བའི་ཉེས་པ་མི་ཡོང་བའི་ཆེད་ཞོགས་པ་ཇ་འཐུང་ཁར་དགེ་ཚུལ་གཅིག་གིས་དགེ་སློང་རེ་རེ་བཞིན་གྱི་རྩམ་ཁུག་ལག་པ་གཡས་པ་འོག་དང་གཡོན་པ་སྒང་ལ་བཞག་པའི་བར་དུ་བཟུང་། གཟན་སྐྱུར་འབེབས། པུས་མོ་བཙུགས་ནས་ཡར་ཕུལ་བ་དང་། དགེ་སློང་སོ་སོས་ལག་པས་གཡས་པ་སྟེང་དང་གཡོན་པ་འོག་དུ་བྱས་ནས་ཚུར་ལེན་པ་དེ་བྱིན་ལེན་བླངས་སྟངས་ཡིན། དགུང་ཇ་གྲོལ་ཁར་དགེ་ཚུལ་ནས་གཟན་སྐྱུར་འབེབས། པུས་མོ་བཙུགས་ནས་དགེ་སློང་སོ་སོའི་མདུན་དུ་བསྡད་པ་དང་། དགེ་སློང་ནས་རང་གི་རྩམ་ཁུག་ལག་པ་གཡོན་པ་སྟེང་དང་། གཡས་པ་འོག་ལ་བྱས་ནས་དེའི་བར་དུ་བཟུང་ནས་ཕར་སྤྲད་པ་དང་། དགེ་ཚུལ་ནས་ལག་གཡོན་འོག་གཡས་སྟེང་བྱས་ནས་ལེན་པ་དེ་ལ་བྱིན་ལེན་བཤིག་ཟེར།
- language:
- Tibetan
2. Thupten Phuntsok Dictionary
དགེ་སློང་རྣམས་ཟས་མ་ཟོས་གོང་དུ། དགེ་སློང་རྣམས་ཀྱི་མདུན་དུ་བཟའ་ཆས་རྣམས་བསྒྲིགས་ཟིན་པ་དང་། དགེ་ཚུལ་ཞིག་གིས་དེ་ཚུར་བླངས་ནས་ལག་པ་གཡས་པ་ཟས་སྣོད་ཀྱི་སྟེང་ལ་བཞག ལག་པ་གཡོན་པ་ཟས་སྣོད་ཀྱི་སྟེང་དུ་བཞག་ཏེ་གུས་འདུད་དང་སྦྲགས་དགེ་སློང་ལ་ཕར་ཕུལ་བ་དང་། དགེ་སློང་དེས་རང་གི་ལག་པ་གཡོན་པ་ཟས་སྣོད་ཀྱི་འོག་ཏུ་བཞག ལག་པ་གཡས་པ་ཟས་སྣོད་ཀྱི་འོག་ཏུ་བཞག་ནས་ཚུར་ལེན་པ་དེར་ཟེར། གྲྭ་པ་ཚོགས་ཚུགས་སྐབས་རྩམ་པ་སོ་སོའི་ཤག་ནས་ཁྱེར་དགོས་པས་བྱིན་ལེན་མེད་པར་ཟ་བའི་ཉེས་པ་མི་ཡོང་བའི་ཆེད་ཞོགས་པ་ཇ་འཐུང་ཁར་དགེ་ཚུལ་གཅིག་གིས་དགེ་སློང་རེ་རེ་བཞིན་གྱི་རྩམ་ཁུག་ལག་པ་གཡས་པ་འོག་དང་གཡོན་པ་སྟེང་ལ་བཞག་པའི་བར་དུ་བཟུང་། གཟན་སྐྱུར་འབེབས། པུས་མོ་བཙུགས་ནས་ཡར་ཕུལ་བ་དང་། དགེ་སློང་སོ་སོས་ལག་པ་གཡས་པ་སྟེང་དང་གཡོན་པ་འོག་དུ་བྱས་ནས་ཚུར་ལེན་པ་དེ་བྱིན་ལེན་བླངས་སྟངས་ཡིན། དགུང་ཇ་གྲོལ་ཁར་དགེ་ཚུལ་ནས་གཟན་སྐྱུར་འབེབས། པུས་མོ་བཙུགས་ནས་དགེ་སློང་སོ་སོའི་མདུན་དུ་བསྡད་པ་དང་། དགེ་སློང་ནས་རང་གི་རྩམ་ཁུག་ལག་པ་གཡོན་པ་སྟེང་དང་། གཡས་པ་འོག་ལ་བྱས་ནས་དེའི་བར་དུ་བཟུང་ནས་ཕར་སྤྲད་པ་དང་། དགེ་ཚུལ་ནས་ལག་གཡོན་འོག་གཡས་སྟེང་བྱས་ནས་ལེན་པ་དེ་ལ་བྱིན་ལེན་བཤིག་ཟེར།
- language:
- Tibetan