- byi'u sgang pa
- ID:
- T238015
- བྱིའུ་སྒང་པ (Tibetan, Tibetan script, Original)
- > byi'u sgang pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > ji'u gangpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
བྱིའུ་སྒང་ལུགས་ཀྱི་རི་མོའི་གྲུབ་མཐའ་སྲོལ་བཏོད་མཛད་མཁན་གྱི་མཁས་དབང་ཞིག་ཡིན། ཁོང་ནི་དུས་རབས་བཅུ་གསུམ་པའི་དུས་སྟོད་དུ་ལྷོ་ཁ་ཡར་ཀླུང་དུ་སྐུ་འཁྲུངས། སྐུ་ཆུང་ངུའི་དུས་ནས་རིག་གནས་སྤྱི་ལ་ཐུགས་གཞོལ། ལྷག་པར་དུ་རི་མོའི་སྒྱུ་རྩལ་ལ་མངའ་བརྙེས། ཁོང་གི་བརྩམ་བྱར་མཚོན་ན་ས་སྐྱ་དང་། ཤེལ་དཀར། ངམ་རིང་སོགས་ལ་ཡོད་པའི་ཇོ་བོ་རྗེ་ཡབ་སྲས་དང་། ས་སྐྱ་པཎྜི་ཏ། ཚེ་དཔག་མེད། ཀུན་རིགས། མགོན་པོ་ཞལ་བཞི། ལྷ་མོ་དམག་ཟོར་མ་སོགས་ཀྱི་ཞལ་ཐང་བྲིས་རྙིང་དེ་དག་གི་རྒྱབ་ཏུ་ཡར་སྟོད་བྱིའི་སྒང་པས་བྲིས་ཞེས་གསལ། དེ་བཞིན་ས་སྐྱའི་ལྷ་ཁང་ཆེན་མོའི་ལྡེབས་རིས་བྲིས་རྙིང་རྣམས་ཀྱང་བྱིའུ་སྒང་པས་བྲིས་པར་གྲགས།
- language:
- Tibetan