Skip to main content Skip to search
byis nad bu rkyen
ID:
T238020
  • བྱིས་ནད་བུ་རྐྱེན (Tibetan, Tibetan script, Original)
    • > byis nad bu rkyen (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ji né bu kyen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

༡གདོན་རྐྱེན་ནི་བྱིས་གདོན་བཅུ་གཉིས་ཡོད་ཅིང་། དེའི་ལས་མཁན་རྒྱལ་པོ་དང་བསེན་མོ་གཉིས་ཀྱིས་བྱེད་ཅིང་། དེ་དག་གི་སྤྲུལ་གཞི་སྐྱེམ་བྱེད་གཞོན་ནུ་དང་བཅོ་ལྔ་ལ། བྱིས་པའི་གདོན་ཆེན་བཅོ་ལྔ་ཞེས་ཟེར། ༢ སྤྱོད་ལམ་ནི། མ་དང་བུ་རྫི་སོགས་ཁྱེའུ་བལྟ་སྲུང་བྱེད་མཁན་གྱིས་བདག་གཅེས་ཡག་པོར་མ་འགྲུབ་པ་སྟེ། པང་ནས་ལྷུང་བ་དང་། བརྡབས་པ་དང་། དཀྲུག་པ། སློང་སྔ་བ་དང་། ལྟེ་བ་འཐེན་པ། ངུ་དྲགས་པ། རླན་དྲགས་པ་སོགས་སོ། ༣ ཟས་སྐོམ་ནི། ཚ་ཆེས་པའི་ཟས་སྐོམ་དང་། བསིལ་ཆེས་པའི་ཟས་སྐོམ་བསྟེན་དྲགས་པ་རྣམས་ནི་བྱིས་པའི་ནད་རིགས་ཉི་ཤུ་རྩ་བཞི་སྐྱེད་པའི་རྒྱུ་རྐྱེན་ཡིན་ནོ། །

language:
Tibetan