- byis nad ma rkyen
- ID:
- T238021
- བྱིས་ནད་མ་རྐྱེན (Tibetan, Tibetan script, Original)
- > byis nad ma rkyen (Tibetan, Latin script, Transliteration-THL Extended Wylie Transliteration)
- > ji né ma kyen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
བྱིས་པའི་ནད་ཀྱི་རྒྱུ་རྐྱེན་ནི། རྒྱུ་རླུང་མཁྲིས་བད་ཀན་གསུམ་དང་། རྐྱེན་མ་རྐྱེན་དང་བུ་རྐྱེན་གཉིས་ལས། དང་པོ་མ་རྐྱེན་ནི། མའི་ཟས་དང་སྤྱོད་ལམ་ལོག་པ་དང་། གདོན་གློ་བུར་བ་སོགས་ཀྱིས་རྐྱེན་ལས་མའི་ལུས་ཀྱི་འདུ་བའི་ཁམས་འཁྲུགས་ནས། རླུང་དང་། མཁྲིས་པ། ཁྲག་དང་། བད་ཀན་གྱི་ནད་རྣམས་བུའི་ལུས་ལ་ལྷུང་བ་དང་། མ་ལ་མི་གཙང་བ་དང་གདོན་གྱིས་ཟིན་པའི་རྐྱེན་གྱིས་མངལ་གནས་ཀྱི་བུ་དེ་ལ་འོན་པ་དང་། ལོང་བ་དང་། དིག་པ། ཞ་བོ། སྒུར་པོ། ཤོ་རེ་ལ་སོགས་པའི་སྐྱོན་རྣམས་འབྱུང་ཞིང་། དེ་མའི་མངལ་ནས་སྐྱེ་བ་དང་ལྷན་སྐྱེས་ཀྱི་ནད་དུ་གྱུར་ཡོད་སྟབས་བཅོས་ཐབས་ཡོད་མ་རེད།
- language:
- Tibetan