Skip to main content Skip to search
byis nad zho ras
ID:
T238023
  • བྱིས་ནད་ཞོ་རས (Tibetan, Tibetan script, Original)
    • > byis nad zho ras (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ji né shyo ré (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

༡རླུང་ལས་གྱུར་པ་ནི། མའི་ནུ་ཞོ་ཆུར་བླུགས་པས་ལྦུ་བ་དང་བཅས་ཆུའི་སྟེང་འཕྱོ་ན་དེའི་སྐྱོན་གྱིས་ཕོ་བ་སྦོས་ལ་སྐྱུག་ཅིང་། བཤང་བ་དང་གཅིན་སྲི་པ། ༢ མཁྲིས་པ་ལས་གྱུར་བ། མའི་ནུ་ཞོ་ཆུར་བླགས་པར་མདོག་སེར་པོར་སྣང་བ། རོ་སྐྱུར་བ། ཚད་པ་སྐྱེ་བ། ༣ བད་ཀན་ལས་གྱུར་པ། མའི་ནུ་ཞོ་ཆུར་བླུགས་པས་སྔོ་ནལ་ངེ་བ་ཆུའི་ནང་དུ་འབྱིང་བ་དེ་མ་ཞུ་བས་སྐྱེད། ༤ གདོན་ལས་གྱུར་པ། མའི་ནུ་ཞོ་ཆུར་བླུགས་པས་ཆུའི་ནང་དུ་ཚོམ་བུར་ཚོམ་བུར་ཆད་པ་ན་གདོན་ངོ་ཡིན།

language:
Tibetan