- byis pa'i glo nad
- ID:
- T238034
- བྱིས་པའི་གློ་ནད (Tibetan, Tibetan script, Original)
- > byis pa'i glo nad (Tibetan, Latin script, Transliteration-THL Extended Wylie Transliteration)
- > jipé lo né (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ཚ་གཟེར་དང་། ཚ་སུབས་དང་། ཐང་པོ་གསུམ་ཡོད་ལས། ༡གློ་ནད་ཚ་གཟེར་ནི། རྩ་གྲིམས། ཤེས་པ་བྱིང་འཐིབས་ཆེ། གཏིང་ནས་འཁུན་སྒྲ་བཏོན་པ། དབུགས་ཐུང་། གློ་ལུ་བའི་ཚེ་ཁ་མིག་བཙུམས་ནས་ལུ་བ། ལུད་པ་འགོག་པ། སྙིང་བརྡུངས་ནས་སྐྱུག་མི་ཐུབ་པར་འོང་། ༢ གློ་ནད་ཚ་སུབས་ནི། ལུད་པ་འགོག་མི་འདོད། ལུ་བ་དྲག་ཏུ་བྱེད། ལུས་པོ་ལ་ཚ་དྲོད་སྐྱེ། རྩ་དང་དོན་སྣོད་ཀྱི་འཕར་སྒོ་རྣམས་དྲག་ཏུ་འཕར་བ། གློ་བསྟུད་མར་འོང་ཞིང་བུ་རང་དང་མའི་བྲང་ལ་འབྲད་པར་བྱེད། དེའི་རྗེས་ལུས་རྔུལ་ལ་འཁུན་ཞིང་སྐྱུག་ཚུལ་སྟོན་ཏོ། །༣ གློ་ནད་ཐང་པོ་ནི། འདི་ནི་གློ་ནད་རྙིངས་པ་རླུང་དང་ལྡན་པ་སྟེ། དྲག་ཏུ་ལུ་བ། ལུད་པ་འགོག་དཀའ་བ། མིག་དང་མཆུ་གཉིས་སྐྲངས་ཤིང་ལྕེ་རྙིལ་དཀར་པོར་འགྱུར་རོ། །
- language:
- Tibetan