- byis pa'i gdon chen bcu gnyis
- ID:
- T238040
- བྱིས་པའི་གདོན་ཆེན་བཅུ་གཉིས (Tibetan, Tibetan script, Original)
- > byis pa'i gdon chen bcu gnyis (Tibetan, Latin script, Transliteration-THL Extended Wylie Transliteration)
- > jipé dön chen chunyi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
བྱིས་པ་ལ་འཚེ་བའི་གདོན་སྐེམ་བྱེད་སོགས་བཅུ་གཉིས་ཀྱི་བསྡུས་མིང་སྟེ། ཟླ་ཟེར་ལས། སྔོན་ནི་སྐེམ་བྱེད་བསྲུང་བའི་ཕྱིར། །གདོན་ནི་སྐྱེས་བུའི་གཟུགས་ཅན་ལྔ། །བུད་མེད་ཀྱི་ནི་གཟུགས་ཅན་བདུན། །ལྷ་ཆེན་གྱིས་ནི་སྤྲུལ་པ་ཡིན། སྐེམས་བྱེད་༡ས་ག་༢ལུག་གདོང་༣དང་། །ཁྱི་གདོང་༤ཡི་དྭགས་༥ཞེས་བྱ་དང་། །ཞེས་སོགས་སྐྱེས་པའི་གཟུགས་ཅན་དང་། །བྱ་གདོང་༦སྲུལ་མོ་༧གྲང་བ་ཡིས། །སྲུལ་མོ་ལོང་མ་༨ལུས་སྲུལ་མོ༩། །དེ་བཞིན་གྱི་ནི་རྒྱན་ཅན་མོ༡༠། །ནམ་གྲུ་༡༡ནམ་གྲུ་སྐེམ་མོ་༡༢ཡིས། །གདོན་ནི་རྣམ་པ་བཅུ་གཉིས་སོ། །
- language:
- Tibetan