Skip to main content Skip to search
byis pa'i brang nad
ID:
T238045
  • བྱིས་པའི་བྲང་ནད (Tibetan, Tibetan script, Original)
    • > byis pa'i brang nad (Tibetan, Latin script, Transliteration-THL Extended Wylie Transliteration)
    • > jipé drang né (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

(1) བྲང་ནད་རྒོད་པ། ནད་གཞི་ཚ་བའི་རྐྱེན་ལས་བྱུང་བས། བྲང་དང་རོ་སྟོད་སྐྲངས། ལུས་ལ་ཚ་བ་ཆེ། ནུ་མ་མི་འདོད། ངུ་སྐད་དྲག མགོ་དང་རོ་སྟོད་རྣམས་ཉལ་ཐུལ་དང་གོས་སོགས་ཀྱི་ནང་དུ་བཅུག་མི་འདོད་པ་ཕྱིར་བཏོན། ལྟག་པ་དགྱེ། རྩ་དང་དོན་སྣོད་ཀྱི་ཡུལ་འཕར་སྒོ་དྲག་པ། མིག་འབྲས་ལྡོག་པ། ཁ་ལྕེ་སྐམ་པ། མཆུ་ལ་དྲེག་པ་ཆགས་པ། རྟིང་པ་འཛུགས་མི་ཤེས་པ། རྐང་ལག་ཧྲེང་ཧྲེང་དུ་རྨྱང་བ་རྣམས་བྱེད་ཅིང་། དེ་ཡང་གློ་བ་དང་བསྡོངས་ན་ལུད་པ་ལུ་བ་དང་། ཕོ་བ་དང་བསྡོངས་ན་མིག་སྤྲིན་སེར་ལ་ལྟོང་སྐྱུག་བྱེད་པ། (2) བྲང་གཡུང་ནི། ནད་གཞི་གྲང་བའི་རྐྱེན་ལས་བྱུང་བས། དབུགས་བདེ། ཉད་ཉད་མང་བ་སྟེ་ལུས་དང་རྐང་ལག་བརྐྱང་བསྐུམ་མང་པོ་བྱེད་པ། ཁ་བཙུམས་མི་ཤེས། མཇིང་པ་རེངས་པ། རོ་སྟོད་གྱོང་བ་བཅས་སོ། །

language:
Tibetan