- byis tsher
- ID:
- T238055
- བྱིས་ཚེར (Tibetan, Tibetan script, Original)
- > byis tsher (Tibetan, Latin script, Transliteration-THL Extended Wylie Transliteration)
- > ji tser (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
འདི་རྒྱ་ནག་གི་ཡུལ་ཕལ་ཆེར་དང་། རང་ལྗོངས་ཀྱི་སྨིན་གླིང་དང་། སྣང་ཤན། རྩེད་ཐང་། ཉིང་ཁྲི་སོགས་▲སྨི་༣༧༠༠མན་གྱི་ཞིང་ཁུལ་འགའ་ཞིག་དང་རོང་ཆེན་རྣམས་ཀྱི་བྱེ་ཁྲེབ་དང་། ཐང་རྒོད། ལམ་ཟུར་སོགས་སྐམ་ཤས་ཆེ་སར་འཁྲུངས་ཤིང་། ལོ་གཅིག་སྐྱེ་བའི་ལྡུམ་རིགས་ཏེ། རྩ་བ་རྐང་གཅིག་རྩ་ཕྲན་ཐ་ཐོར་ཡོད་པ་ལ་ངར་པ་སྔོ་ལྗང་རྩུབ་ལ་སུལ་ཞིབ་དང་སྤུ་ཆུང་ཅན། དེར་ཁམ་ཐིག་ཡོད་པ་མཐོ་ཚད་སྨི་0.3~0.8ཙམ་ཟིན་པ། རྫ་སྡོང་འབྲེལ་མཚམས་སུ་ཁ་དོག་སྨུག་པོ་ཡོད་པ། སྙིང་དབྱིབས་ཀྱི་ལོ་མ་ཟུར་གསུམ། མཐར་ཆེ་ཆུང་ངེས་མེད་ཀྱི་ཉ་ག་དང་། སོག་ལེའི་ཁ་རྩུབ་ཅན་མདུན་རྒྱབ་གཉིས་ཀར་སྤུ་ཐུང་ཡོད་པ། ལོ་རྐང་རིང་མོ་ཅན་རེས་མོས་སྐྱེ་བ། ལོ་མའི་མཆན་ཁུང་ནས་ཡུ་བ་མེད་པའི་མེ་ཏོག་ལྗང་སེར་ཕྲ་ཞབས་སྤུངས་པའི་མགོ་རྡོག་འབྲེལ་འབྱར་མ་འཆར་ཞིང་། ཡལ་རྗེས་འབྲས་བུ་སྒོང་གཟུགས་འབྲས་སྐོགས་ལྗང་སེར་ལ་ཚེར་མིའི་ལྕགས་ཁྱབ་པས་རྩུབ་ལ་གྱོང་བ་ཚོམ་བུར་འདོགས་པ་བཅས། སྨན་དུ་སྦྱར་བྱ་ནི་ལོ་སྡོང་མེ་འབྲས་ཡོངས་རྫོགས་ཏེ། ཟླ་༧~༨པར་བཏུས་ནས་སྔོ་ཆོལ་དམའ་ཕབ་སྐམ་གསེད་ལེགས་ཚགས་བྱ། རོ་ནུས། རོ་ཁ། ཞུ་རྗེས་བསིལ། ནུས་པས་རིམས་ཚད་དུག་ཚད་མཁལ་ཚད་སེལ། རླུང་ལ་ཕན་ཞིང་ཚད་པ་ལྕི་འཐིབ་སེལ།
- language:
- Tibetan