- bye leb ser khra
- ID:
- T238095
- བྱེ་ལེབ་སེར་ཁྲ (Tibetan, Tibetan script, Original)
- > bye leb ser khra (Tibetan, Latin script, Transliteration-THL Extended Wylie Transliteration)
- > jé leb ser tra (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
དབྱར་དུས་རང་ལྗོངས་ཀྱི་ཡུལ་ཕལ་མོ་ཆེར་ཡོད་པ་དང་། རྒྱུན་དུ་སྔོ་ལྡུམ་གྱི་ལོ་གསེབ་སོགས་སུ་སྡོད་པ། ཡུལ་སྐད་འབུ་ཟོར་བླ་སོགས་ཟེར་བ། ཁ་དོག་འདྲ་མིན་ཡོད་པའི་ནང་འདི་ལ་ཁ་དོག་ལྗང་སྐྱ་ནག་དཀྲིས་སེར་ཐིག་ཡོད་པ་ཞིག མགོར་སྤུ་རྭ་ནག་པོ་གཉིས་ཡོད་པ་དང་། ལུས་རྒྱབ་ལ་སྤུ་འཇམ་སེར་པོ་ཡོད་པ། བྲང་ལས་རྐང་ལག་དྲུག་རེ་སྐྱེས་པ་ཡུལ་ཀུན་ཏུ་ཡོད། མིང་གཞན་བྱེ་སྟག་ཁྲ་བོ་དང་། སྟག་ཕྱེ་མ། ཕྱེ་མ་ལེབ། ཕྱེ་ལེབ་བཅས་སོ། །སྨན་དུ་སྦྱར་བྱ་དང་རོ་ནུས། བུབ་རིལ་རོ་མངར། ཞུ་རྗེས་སྙོམས། ནུས་པ་རང་རང་ལ་ཕན་པའི་སྦྱོར་སྡེ་དང་སྦྱར་ལ་བཏང་བས་སོ་སྲིན་དང་། ཉྭ་ལོགས་སོགས་སེལ།
- language:
- Tibetan