Skip to main content Skip to search
bye'u 'ur pa
ID:
T238112
  • བྱེའུ་འུར་པ (Tibetan, Tibetan script, Original)
    • > bye'u 'ur pa (Tibetan, Latin script, Transliteration-THL Extended Wylie Transliteration)
    • > jé'u urpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

སྟོན་དུས་སྤང་དུ་འབྱུང་བའི་འབུ་ནམ་མཁར་འཕུར་ཚེ་ཚག་ཚག་ཅེས་གཤོག་སྒྲ་འབྱིན་པ། ཡུལ་སྐད་དུ་ཚག་པ་འབུ་དང་། ཨ་ཚག་ཚག་པ་ཡང་ཟེར་ལ། གབ་མིང་དུ་ཁྱུང་ཕྲུག་ཀྱང་ཟེར་བ་ཞིག་གི་མིང་དུ་བཞེད་པ་ཞིག་དང་། བྱེའུ་ཆུང་སྤུ་མདོག་དམར་སྨུག་གཤོག་པ་བསྐྱོད་པ་ཤིན་ཏུ་མྱུར་བས། འཕུར་ཚེ་འུར་སྒྲ་ཆེ་བའི་ཅོ་གའི་བྱེ་བྲག་ཅིག་གི་མིང་དུ་བཞེད་པ་ཞིག་དང་གཉིས་མཆིས་པས་དཔྱད་པར་བྱའོ། །

language:
Tibetan