Skip to main content Skip to search
brag dkar dgon
ID:
T238124
  • བྲག་དཀར་དགོན (Tibetan, Tibetan script, Original)
    • > brag dkar dgon (Tibetan, Latin script, Transliteration-THL Extended Wylie Transliteration)
    • > drak kar gön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

(1) རབ་བྱུང་བཅུ་བཞི་པའི་ཤིང་ལུག་སྤྱི་ལོ་ (༡༨༣༥) ལོར་བཏབ། གྲུབ་མཐའ་དགེ་ལུགས་པ་ཡིན། ད་ལྟ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉག་ཆུ་རྫོང་ཁོངས་སུ་ཡོད། (2) རབ་བྱུང་བཅུ་གཉིས་པའི་མེ་སྦྲུལ་སྤྱི་ལོ་ (༡༧༣༧) ལོར་བྲག་དཀར་ཞབས་དྲུང་བྱམས་པ་རབ་བརྟན་གྱིས་བཏབ། གྲུབ་མཐའ་དགེ་ལུགས་པ་ཡིན། དགོན་པ་འདི་ལ་དགེ་མ་ཟླ་ཤེལ་ཞེས་དུག་སྨན་གྲགས་ཆེན་ཞིག་བཟོ་བའི་ལག་རྩལ་ཡོད། ད་ལྟ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་ཁོངས་སུ་ཡོད། (3)བཀྲ་ཤིས་དགེ་འཕེལ་གླིང་ཞེས་ཀྱང་གྲགས། མདོ་སྨད་ཆོས་འབྱུང་ལྟར་ན། ཧ་ལམ་རབ་བྱུང་དགུ་པའི་ཤིང་ལུག་སྤྱི་ལོ་ (༡༥༣༥) ལོར་ཕྱོགས་བཞི་ཆོས་རྗེ་བསམ་འགྲུབ་ནས་གསར་འདེབས་མཛད། གྲུབ་མཐའ་དགེ་ལུགས་པ་ཡིན། ད་ལྟ་རྔ་བ་བོད་རིགས་རང་སྐྱོང་ཁུལ་རྔ་བ་རྫོང་ཁོངས་སུ་ཡོད།

language:
Tibetan