Skip to main content Skip to search
brag dkar blo bzang dpal ldan bstan 'dzin snyan grags
ID:
T238127
  • བྲག་དཀར་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས (Tibetan, Tibetan script, Original)
    • > brag dkar blo bzang dpal ldan bstan 'dzin snyan grags (Tibetan, Latin script, Transliteration-THL Extended Wylie Transliteration)
    • > drak kar lo zang palden tendzin nyendrak (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

རྗེ་འདི་ནི་ཡུམ་མདོ་སྨད་ཀྱི་སའི་ཆ་ཛི་ཀ་ཞེས་པར་རབ་བྱུང་བཅུ་བཞི་པའི་ས་སྦྲུལ(༡༨༠༩)ལོར་སྐུ་འཁྲུངས། དགུང་ལོ་ལྔ་ལ་ཕེབས་དུས་གདན་ས་བྲག་དཀར་གྱི་ཁྲིར་བཞུགས། ཡི་གེ་འབྲི་ཀློག་སོགས་སྦྱངས། དགུང་ལོ་བཅུར་འཁྲུངས་སར་མཆོག་སྤྲུལ་རིན་པོ་ཆེའི་དྲུང་དུ་རབ་བྱུང་གི་སྡོམ་པ་བཞེས། དགུང་ལོ་བཅུ་བདུན་ལ་དབུས་ཕྱོགས་སུ་ཕེབས་ནས་འབྲས་བློ་གསལ་གླིང་གྲྭ་ཚང་དུ་ཆོས་ཞུགས་མཛད། གཞུང་ཆེན་པོད་ལྔ་ལ་སློབ་གཉེར་གནང་། དགུང་ལོ་ཉི་ཤུ་རྩ་གསུམ་སྐབས་མི་ཕམ་རྣམ་རྒྱལ་རྒྱ་མཚོའི་སྤྱོད་འཇུག་ཤེར་ལེའི་འགྲེལ་པ་ཀེ་ཏ་ཀའི་གོང་འོག་རྣམས་སུ་ལུང་རིག་ཡང་དག་དང་འགལ་ཚབས་ཆེ་བ་མང་ཙམ་གཟིགས་པ་ཀླན་ཀ་བགྱིས་པ་དང་། ལོ་དེ་ནང་དུ《ཟབ་མོ་དབུ་མའི་གནད་ཅུང་ཟད་བརྗོད་པ་བློ་གསལ་དགའ་བའི་གཏམ》གསར་དུ་བརྩམས། ཁྲི་ཆེན་རྡོ་རྗེ་འཆང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་ཉི་ཤུ་རྩ་བདུན་ཐོག་མདོ་སྨད་དུ་བྱོན་ཏེ་ཧོར་ཁོག་དགོན་དུ་གཞུང་པོད་ལྔའི་རྩོད་གྲྭ་དང་། གསང་སྔགས་ཀྱི་རྒྱུད་གྲྭ་གསར་དུ་བཙུགས་ཏེ་དེ་ཁུལ་ཡུལ་གྲུ་སྟོད་སྨད་ཀྱི་གདུལ་བྱ་རྣམས་ལ་དམ་པའི་ཆོས་ཀྱི་ཆར་ཕབ། བཀའ་རྩོམ《བྱང་ཆུབ་ལམ་གྱི་རིམ་པ་ཀུན་ཕན་བདུད་རྩིའི་ཆུ་རྒྱུན》 《སྨྱུང་གནས་བླ་མ་རྒྱུད་པའི་རྣམ་ཐར་ཡིག་དྲུག་དང་སྨྱུང་གནས་ཀྱི་ཕན་ཡོན་བཅས་ལེགས་པར་བཤད་པ་གསེར་གྱི་ཕྲེང་མཛེས》 《རྒྱུད་སྡེ་བཞིའི་རྣམ་གཞག་དང་ས་ལམ་གྱི་བགྲོད་ཚུལ་ཇི་ལྟ་བ་བཞིན་འཆད་པ་རྒྱུད་སྡེ་ནོར་བུའི་བང་མཛོད》 《འདུལ་བའི་རྩ་བའི་སྤྱི་དོན་དང་དཀའ་གནད་རབ་ཏུ་བཤད་པ་འདུལ་གཞུང་ནོར་བུའི་ཕྲེང་བ》《ཕར་ཕྱིན་རྣམ་བཤད་སྙིང་པོའི་རྒྱན་གྱི་དཀའ་བའི་གནད་རྣམ་པ་འབྱེད་པའི་བསྟན་བཅོས་ལེགས་བཤད་ཀུན་གྱི་ཡང་སྙིང》སྐབས་དང་པོ་ནས་བརྒྱད་པ་བར། 《དབུ་མ་ལ་འཇུག་པའི་རྣམ་བཤད་དགོངས་པ་རབ་ཏུ་གསལ་བའི་སྒྲོན་མེ》 དེ་བཞིན་ཚད་མ་དང་། གྲུབ་མཐའི་སྐོར་གྱི་ཕྱག་རྩོམ་སོགས་ཁྱོན་པོད་འབྲིང་དགུ་ཙམ་བཞུགས། འདས་ལོ་དང་སྐུ་ཚེ་སྨད་ཀྱི་མཛད་པ་མ་རྙེད།

language:
Tibetan

2. Thupten Phuntsok Dictionary

རྗེ་འདི་ནི་ཡུམ་མདོ་སྨད་ཀྱི་སའི་ས་ཛི་ཀ་ཞེས་པར་རབ་བྱུང་བཅུ་བཞི་པའི་ས་སྦྲུལ (༡༨༠༩) ལོར་སྐུ་འཁྲུངས། དགུང་ལོ་ལྔ་ལ་ཕེབས་དུས་གདན་ས་བྲག་དཀར་གྱི་ཁྲིར་བཞུགས། ཡི་གེ་འབྲི་ཀློག་སོགས་སྦྱངས། དགུང་ལོ་བཅུར་འཁྲུངས་སར་མཆོག་སྤྲུལ་རིན་པོ་ཆེའི་དྲུང་དུ་རབ་བྱུང་གི་སྡོམ་པ་བཞེས། དགུང་ལོ་བཅུ་བདུན་ལ་དབུས་ཕྱོགས་སུ་ཕེབས་ནས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་ཆོས་ཞུགས་མཛད། གཞུང་ཆེན་པོད་ལྔ་ལ་སློབ་གཉེར་གནང་། དགུང་ལོ་ཉི་ཤུ་རྩ་གསུམ་སྐབས་མི་ཕམ་རྣམ་རྒྱལ་རྒྱ་མཚོའི་སྤྱོད་འཇུག་ཤེར་ལེའི་འགྲེལ་པ་ཀེ་ཏ་ཀའི་གོང་འོག་རྣམས་སུ་ལུང་རིགས་ཡང་དག་དང་འགལ་ཆེ་བ་མང་ཙམ་གཟིགས་པ་ཀླན་ཀ་བགྱིས་པ་དང་། ལོ་དེ་ནང་དུཟབ་མོ་དབུ་མའི་གནད་ཅུང་ཟད་བརྗོད་པ་བློ་གསལ་དགའ་བའི་གཏམ》གསར་དུ་བརྩམས། ཁྲི་ཆེན་རྡོ་རྗེ་འཆང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། བཀའ་རྩོམབྱང་ཆུབ་ལམ་གྱི་རིམ་པ་ཀུན་ཕན་བདུད་རྩིའི་ཆུ་རྒྱུན》 རྨྱུང་གནས་བླ་མ་བརྒྱུད་པའི་རྣམ་ཐར་ཡིག་དྲུག་དང་རྨྱུང་གནས་ཀྱི་ཕན་ཡོན་བཅས་ལེགས་པར་བཤད་པ་གསེར་གྱི་ཕྲེང་མཛེས》 འདུལ་བའི་རྩ་བའི་སྤྱི་དོན་དང་དཀའ་གནད་རབ་ཏུ་བཤད་པ་འདུལ་གཞུང་ནོར་བུའི་ཕྲེང་བ》 ཕར་ཕྱིན་རྣམ་བཤད་སྙིང་པོའི་རྒྱན་དཀའ་བའི་གནད་རྣམ་པར་འབྱེད་པའི་བསྟན་བཅོས་ལེགས་བཤད་ཀུན་གྱི་ཡང་སྙིང》 སྐབས་དང་པོ་ནས་བརྒྱད་པ་བར། དབུ་མ་ལ་འཇུག་པའི་རྣམ་བཤད་དགོངས་པ་རབ་ཏུ་གསལ་བའི་སྒྲོན་མེ》 དེ་བཞིན་ཚད་མ་དང་། གྲུབ་མཐའི་སྐོར་གྱི་ཕྱག་རྩོམ་སོགས་ཁྱོན་པོད་འབྲིང་དགུ་ཙམ་བཞུགས། འདས་ལོ་དང་སྐུ་ཚེ་སྨད་ཀྱི་མཛད་པ་མ་རྙེད །

language:
Tibetan

3. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་བཅུ་བཞི་པའི་ས་མོ་སྦྲུལ་ལོ་སྟེ་སྤྱི་ལོ 1809 ལོར་མདོ་སྨད་ཛི་ཀར་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་དགུང་ལོ་ལྔ་པར་བྲག་དཀར་དགོན་པའི་གདན་སའི་ཁྲི་ལ་བཞུགས་ཤིང་ཡི་གེའི་འབྲི་ཀློག་དང་ཆོས་སྤྱོད་བཅས་ལ་སྦྱོང་པར་མཛད། དགུང་ལོ་བཅུ་པར་འཁྲུངས་སར་མཆོག་སྤྲུལ་རིན་པོ་ཆེ་ལས་རབ་བྱུང་གི་སྡོམ་པ་བཞེས། དགུང་ལོ་བཅུ་བདུན་པར་དབུས་སུ་ཕེབས་ཏེ་འབྲས་སྤུངས་བློ་གསལ་གླིང་གི་གྲྭ་ཚང་དུ་ཞུགས་ཤིང་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་དཔྱིས་ཕྱིན་པར་མཛད། དགུང་ལོ་ཉེར་གསུམ་པར་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་མཚོའི (1846—1912) སྤྱོད་འཇུག་ཆེན་མོའི་ཤེར་ཕྱིན་ལེའུའི་འགྲེལ་བ་ཀེ་ཏ་ཀ་ལ་ལུང་རིགས་ཡང་དག་དང་འགལ་ཚབས་ཆེ་བ་མང་ཙམ་གཟིགས་ནས《ཟབ་མོ་དབུ་མའི་གནད་ཅུང་ཟད་བརྗོད་པ་བློ་གསལ་དགའ་བའི་གཏམ》ཞེས་པ་དགག་ལེན་དུ་བརྩམས། ཁྲི་ཆེན་རྡོ་རྗེ་འཆང་གི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། དགུང་ལོ་ཉེར་བདུན་པར་མདོ་སྨད་དུ་བྱོན་ཏེ་ཧོར་ཁོག་དགོན་དུ་གཞུང་ཆེན་བཀའ་པོད་ལྔའི་རྩོད་གྲྭ་དང་། གསང་སྔགས་ཀྱི་རྒྱུད་གྲྭ་གསར་དུ་བཙུགས་ཤིང་ཕྱོགས་དེའི་ཡུལ་གྲུ་སྟོད་སྨད་བར་གསུམ་གྱི་གདུལ་བྱ་རྣམས་ལ་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་[1132]ཞིང་འཕྲིན་ལས་ཤིན་ཏུ་རྒྱས་སོ། ཁོང་གི་སྐུ་ཚེའི་སྨད་ཀྱི་རྣམ་ཐར་མཇལ་རྒྱུ་མ་རྙེད་པས་ཤིན་ཏུ་ཕངས་སོ། ཁོང་གི་གསུང་རྩོམ་ནི《བྱང་ཆུབ་ལམ་གྱི་རིམ་པ་ཀུན་ཕན་བདུད་རྩིའི་ཆུ་རྒྱུན》དང་། 《སྨྱུང་གནས་བླ་མ་བརྒྱུད་པའི་རྣམ་ཐར་ཡིག་དྲུག་དང་སྨྱུང་གནས་ཀྱི་ཕན་ཡོན་བཅས་ལེགས་པར་བཤད་པ་གསེར་གྱི་ཕྲེང་མཛེས》། 《གསུང་མགུར》། 《འདུལ་བ་མདོ་རྩའི་སྤྱི་དོན་དང་དཀའ་གནད་རབ་ཏུ་བཤད་པ་འདུལ་གཞུང་ནོར་བུའི་ཕྲེང་བ》། 《བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་བ་ཚིག་དོན་རབ་ཏུ་གསལ་བའི་སྒྲོན་མེ》། 《ཕར་ཕྱིན་རྣམ་བཤད་སྙིང་པོའི་རྒྱན་གྱི་དཀའ་གནད་རྣམ་འབྱེད་བསྟན་བཅོས་ལེགས་བཤད་ཀུན་གྱི་ཡང་སྙིང་》། 《རང་གཞན་གྱི་གྲུབ་མཐའི་རྣམ་གཞག་ལེགས་བཤད་སྒྲོན་མེ》། 《དབུ་མ་ལ་འཇུག་པའི་རྣམ་བཤད་དགོངས་པ་རབ་ཏུ་གསལ་བའི་སྒྲོན་མེ》། 《དམ་པའི་ཆོས་མངོན་པ་མཛོད་ཀྱི་འགྲེལ་བ་ལེགས་བཤད་གསེར་གྱི་ལྡེ་མིག》། 《ཚད་མ་སྡེ་བདུན་གྱི་བསྡུས་གཞུང་བློ་གྲོས་པད་ཚལ་བཞད་པའི་ཉིན་བྱེད》། 《ཐེག་པ་ཆེན་པོ་རྒྱུད་བླ་མའི་འགྲེལ་བ་བྱམས་མགོན་དགྱེས་པའི་མཆོད་སྤྲིན》། 《མངོན་བརྗོད་བསྡུས་པ་བློ་གསལ་འཇུག་པའི་ཁང་བཟང》བཅས་ཆོས་ཚན་དགུ་བཅུ་གོ་ལྔ་ལོངས་པའི་པོད་དགུ་བཞུགས་སོ། །

language:
Tibetan