- brag kha ba grags pa seng ge
- ID:
- T238132
- བྲག་ཁ་བ་གྲགས་པ་སེང་གེ (Tibetan, Tibetan script, Original)
- > brag kha ba grags pa seng ge (Tibetan, Latin script, Transliteration-THL Extended Wylie Transliteration)
- > drak khawa drakpa sengé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྗེ་འདི་ཉིད་རབ་བྱུང་བཞི་པའི་ཤིང་ཡོས(༡༢༥༥)ལོར་ལ་སྟོད་བྱང་གི་རྒྱལ་སྡེ་ཐང་དཀར་དུ་འཁྲུངས། གདུང་རུས་གླན་ཡིན། གཞོན་ནུ་ལ་ཁྲོ་ཕུ་རིན་པོ་ཆེ་བསོད་ནམས་སེང་གེ་ལས་རབ་ཏུ་བྱུང་། མཚན་གྲགས་པ་སེང་གེར་གསོལ། ཕྱིས་མཁན་པོ་ཁྲོ་ཕུ་རིན་པོ་ཆེ་བསོད་ནམས་སེང་གེ་དང་དབུ་མ་པ་ཤེར་འབུམ་གྱིས་སློབ་དཔོན། བུ་སྟོན་སེང་གེ་འོད་ཀྱིས་གསང་སྟོན་མཛད་དེ་བསྙེན་པར་རྫོགས། ས་སྐྱར་ཕྱ་རུ་བ་སེང་གེ་དཔལ་ལས་རྣམ་འགྲེལ་གསན། བྱམས་ཆོས། རིགས་ཚོགས། རྒྱུད་སྡེ་སོགས་ལ་མཁྱེན་པ་ཤིན་ཏུ་ཆེ་ཡང་བསྟན་པའི་སྙིང་པོ་སྒྲུབ་པ་ལ་དགོངས་ནས་ཇོ་མོ་ནང་དུ་ཀུན་སྤངས་པ་དང་བྱང་སེམས་རྒྱལ་བ་ཡེ་ཤེས་ལ་སྦྱོར་བ་ཡན་ལག་དྲུག་གི་ཁྲིད་ཞུས། རྒ་ལོའི་སྲས་ཆུང་བ་ཨཱ་ཀ་ར་སིདྡྷི་ལས་རྒྱུད་འགྲེལ་ཆ་ལག་དང་བཅས་པ་གསན་ནས་གཡའ་ལུང་གི་རི་ཁྲོད་དུ་སྒྲུབ་པ་གཙོ་བོར་མཛད། ཞར་ལ་རྒྱུད་འགྲེལ་གྱི་བཤད་པ་དང་ཁྲིད་ཀྱིས་སློབ་མ་ཡང་རྗེས་སུ་བཟུང་། ཕྱིས་ལོ་བེ་བ་ཀུན་བཟང་གིས་སྦྱིན་བདག་བྱས་ནས་བྲག་ཁར་ཕྱག་བཏབ། དེར་མཚམས་བཅད་དེ་དུས་འཁོར་གྱི་བསྙེན་པ་བྱེ་བ་དང་སྦྱིན་བསྲེག་འབུམ་ཕྲག་བཅུ་མཛད་པས་མེ་ལྕེ་རྣམས་རིན་པོ་ཆེའི་རྣམ་པར་བྱུང་བ་ལ་སོགས་པའི་མཚན་མ་ཁྱད་པར་ཅན་བྱུང་། བསྐྱེད་རྫོགས་ཀྱི་ཐུགས་དམ་གཙོ་བོར་མཛད། སྦྱོར་དྲུག དམར་ཁྲིད། གཅོད། གཟེར་ལྔ་རྣམས་ལ་ཁྲིད་ཆེན་བཞིར་མིང་བཏགས་ནས་གཙོ་བོར་སྐྱོང་བ་གནང་། དབྱར་དུས་ཕལ་ཆེར་རྒྱུན་གཅོད་ལ་བཞུགས། དངོས་པོ་བྱུང་ཚད་དགེ་སྦྱོར་ལ་གཏོང་བར་མཛད། མངོན་པར་ཤེས་པ་མངའ་བས་ས་སྐྱ་པའི་བདེ་དོན་ལ་སོགས་པ་ལུང་བསྟན་ཐམས་ཅད་མངོན་སུམ་དུ་བྱུང་། སློབ་མ་ཆོས་རྗེ་བླ་མ་དམ་པ་དང་། དཀའ་བཅུ་པ་གཞོན་ནུ་སེང་གེ་བློ་གྲོས། བང་མོ་ཞུ་བ་གཞོན་ནུ་དཔལ་སོགས་མང་དུ་བྱུང་། དགུང་ལོ་གྱ་དགུ་བཞེས་པ་རབ་བྱུང་དྲུག་པའི་ཆུ་ལུག(༡༣༤༣)ལོར་ངོ་མཚར་གྱིས་ལྟས་དང་བཅས་དགོངས་པ་ཆོས་དབྱིངས་སུ་ཐིམ།
- language:
- Tibetan
2. Thupten Phuntsok Dictionary
རྗེ་འདི་ཉིད་རབ་བྱུང་བཞི་པའི་ཤིང་ཡོས (༡༢༥༥) ལོར་ལ་སྟོད་བྱང་གི་རྒྱལ་སྡེ་ཐང་དཀར་དུ་འཁྲུངས། གདུང་རུས་གླན་ཡིན། གཞོན་ནུ་ལ་ཁྲོ་ཕུ་རིན་པོ་ཆེ་བསོད་ནམས་སེང་གེ་ལས་རབ་ཏུ་བྱུང་། མཚན་གྲགས་པ་སེང་གེར་གསོལ། ཕྱིས་མཁན་པོ་ཁྲོ་ཕུ་རིན་པོ་ཆེ་བསོད་ནམས་སེང་གེ་དང་དབུ་མ་པ་ཤེར་འབུམ་གྱིས་སློབ་དཔོན། བུ་སྟོན་སེང་གེ་འོད་ཀྱིས་གསང་སྟོན་མཛད་དེ་བསྙེན་པར་རྫོགས། ས་སྐྱར་ཕྱ་རུ་བ་སེང་གེ་དཔལ་ལས་རྣམ་འགྲེལ་གསན། དགུང་ལོ་གྱ་དགུ་བཞེས་པ་རབ་བྱུང་དྲུག་པའི་ཆུ་ལུག (༡༣༤༣) ལོར་ངོ་མཚར་གྱི་ལྟས་དང་བཅས་དགོངས་པ་ཆོས་དབྱིངས་སུ་ཐིམ།
- language:
- Tibetan