- brag dar ya kan
- ID:
- T238148
- བྲག་དར་ཡ་ཀན (Tibetan, Tibetan script, Original)
- > brag dar ya kan (Tibetan, Latin script, Transliteration-THL Extended Wylie Transliteration)
- > drak dar ya ken (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
འབྱུང་ཁུངས་དང་བྱེད་ལས་ལ་བལྟོས་ནས་བཏགས་པའི་བྲག་ཞུན་གྱི་གབ་མིང་ཞིག་སྟེ། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་གསོ་རིག་སྐོར་གྱི་མིང་ཚིག་ཉེར་མཁོའི་དོན་གསལ་ལས། སྲིད་པའི་བྱང་སེམས་དམར་པོ་དང་། །ཨུ་མའི་མངལ་ཁྲག་རིན་ཆེན་བཅུད། །བྲག་གི་ཁྲག་དང་བྲག་དར་ཀན། །སྲིན་པའི་ཁམས་དམར་འབྱུང་བའི་ཁྲག །ཁམས་ལྔའི་བཅུད་སྨན་བྲག་དར་ཀན། །ས་སྟེང་ནད་འཇོམས་བྲག་བདུད་རྩི། །ཁྲག་འདྲ་བྲག་གི་རུ་རྡི་ར། ཁྲག་དར་ཀན་རྣམས་བྲག་ཞུན་གྱི། གབ་པའི་མིང་གི་རྣམ་གྲངས་ཡིན། །ཞེས་གསུངས།
- language:
- Tibetan