- brag nag dgon
- ID:
- T238151
- བྲག་ནག་དགོན (Tibetan, Tibetan script, Original)
- > brag nag dgon (Tibetan, Latin script, Transliteration-THL Extended Wylie Transliteration)
- > drak nak gön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
(1) རབ་བྱུང་བདུན་པའི་ཤིང་ལུག་སྤྱི་ལོ་ (༡༤༡༥) ལོར་བཀའ་གཏེར་ཆོས་འཕེལ་འོད་ཟེར་གྱིས་བཏབ། གྲུབ་མཐའ་ས་སྐྱ་པ་ཡིན། ད་ལྟ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འདབ་པ་རྫོང་ཁོངས་སུ་ཡོད། (2) འདེབས་མཁན་དང་འདེབས་ལོ་མི་གསལ། གྲུབ་མཐའ་རྙིང་མ་པ་ཡིན། ད་ལྟ་བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་གོ་འཇོ་མདའ་རྫོང་ཁོངས་སུ་ཡོད། (3)དགེ་འཕེལ་བསམ་གཏན་གླིང་ཞེས་ཀྱང་གྲགས། སྔ་མོ་དགོན་འདི་བོན་དགོན་དང་རྗེས་སུ་སྤྱི་ལོ་ (༡༧༨༨) ལོར་དགེ་ལུགས་པར་བསྒྱུར། གྲུབ་མཐའ་དགེ་ལུགས་པ་ཡིན། ད་ལྟ་རྔ་བ་བོད་རིགས་རང་སྐྱོང་ཁུལ་བཙན་ལྷ་རྫོང་ཁོངས་སུ་ཡོད།
- language:
- Tibetan