- brag ble ba'i khams chu
- ID:
- T238153
- བྲག་བླེ་བའི་ཁམས་ཆུ (Tibetan, Tibetan script, Original)
- > brag ble ba'i khams chu (Tibetan, Latin script, Transliteration-THL Extended Wylie Transliteration)
- > drak lewé kham chu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(ཁ་མཆུ)རབ་བྱུང་ལྔ་པའི་ལྕགས་སྦྲུལ(༡༢༨༡)ལོར་འབྲི་གུང་དུ་སྤྱན་སྔ་བཅུ་གཉིས་པ་རིན་ཆེན་རྡོ་རྗེ་སྐུ་གཤེགས་པའི་ཚབ་ཏུ་སྤྱན་སྔ་རིན་པོ་ཆེ་གྲགས་པ་ཡེ་ཤེས་ཁྲིར་བསྐོས། ཁོང་གིས་རང་ཉིད་ཀྱི་དབོན་པོ་སྣག་ཚ་གྲགས་སླེ་བ་ས་སྐྱའི་བླ་མ་ཡེ་ཤེས་རིན་ཆེན་ལ་ཕུལ། དེ་ལ་ས་སྐྱ་བས་འབྲི་གུང་གི་གདན་སར་བསྐོ་རྩིས་བྱས་སྐབས་སྤྱན་སྔ་བཅུ་གཉིས་པ་རིན་ཆེན་རྡོ་རྗེའི་གཅུང་རྒྱ་བོ་གྲགས་པ་རིན་ཆེན་གྱིས་བཀྲོངས། དེའི་དོན་དུ་ས་སྐྱ་བས་འབྲི་གུང་པར་ཁ་མཆུ་སློང་རྩིས་བྱས་ཀྱང་། གཅུང་རྒྱ་བོ་གྲགས་པ་རིན་ཆེན་གྱི་རྒྱབ་ཏུ་འབྲི་གུང་པ་ཡོངས་རྫོགས་ལངས་པར་བརྟེན་ས་སྐྱ་བ་དང་འབྲི་གུང་པའི་བར་དམག་འཕྲུག་བྱུང་བའི་འགོ་ཚུགས་པ་ཡིན། དེའི་སྐོར་ཞིབ་ཕྲ《ལྷོ་རོང་ཆོས་འབྱུང》ནང་གསལ།
- language:
- Tibetan
2. Thupten Phuntsok Dictionary
(ཁ་མཆུ) རབ་བྱུང་ལྔ་པའི་ལྕགས་སྦྲུལ (༡༢༨༡) ལོར་འབྲི་གུང་དུ་སྤྱན་སྔ་བཅུ་གཉིས་པ་རིན་ཆེན་རྡོ་རྗེ་སྐུ་གཤེགས་པས་ཚབ་ཏུ་སྤྱན་སྔ་རིན་པོ་ཆེ་གྲགས་པ་ཡེ་ཤེས་ཁྲིར་བསྐོས། ཁོང་གིས་རང་ཉིད་ཀྱི་དབོན་པོ་སྣག་ཚ་གྲགས་བླེ་བ་ས་སྐྱའི་བླ་མ་ཡེ་ཤེས་རིན་ཆེན་ལ་ཕུལ། དེ་ལ་ས་སྐྱ་པས་འབྲི་གུང་གི་གདན་སར་བསྐོ་རྩིས་བྱས་སྐབས་སྤྱན་སྔ་བཅུ་གཉིས་པ་རིན་ཆེན་རྡོ་རྗེའི་གཅུང་རྒྱ་བོ་གྲགས་པ་རིན་ཆེན་གྱིས་བཀྲོངས། དེའི་དོན་དུ་ས་སྐྱ་པས་འབྲི་གུང་པར་ཁ་མཆུ་སློང་རྩིས་བྱས་ཀྱང་། གཅུང་རྒྱ་བོ་གྲགས་པ་རིན་ཆེན་གྱི་རྒྱབ་ཏུ་འབྲི་གུང་པ་ཡོངས་རྫོགས་ལངས་པར་བརྟེན་ས་སྐྱ་པ་དང་འབྲི་གུང་པའི་བར་དམག་འཁྲུག་བྱུང་བའི་འགོ་ཚུགས་པ་ཡིན། དེའི་སྐོར་ཞིབ་ཕྲལྷོ་རོང་ཆོས་འབྱུང་》ནང་གསལ།
- language:
- Tibetan