- brag g.yab rtogs ldan 'jam dbyangs blo gros
- ID:
- T238160
- བྲག་གཡབ་རྟོགས་ལྡན་འཇམ་དབྱངས་བློ་གྲོས (Tibetan, Tibetan script, Original)
- > brag g.yab rtogs ldan 'jam dbyangs blo gros (Tibetan, Latin script, Transliteration-THL Extended Wylie Transliteration)
- > drak yab tokden jamyang lodrö (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྗེ་འདི་མདོ་སྨད་ཀྱི་སའི་ཆ་རྨེ་སྟོད་བྱང་དཀར་ཞེས་བྱ་བའི་ཡུལ་གྲུ་དེར་ཡབ་དར་རྒྱས་དང་ཡུམ་རྣལ་འབྱོར་མའི་རིགས་ཅན་དུ་གྲགས་པ་ལོ་ཡག་སྒྲོན་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ས་བྱི་(༡༨༨༨)ལོར་འཁྲུངས། མཚན་དོན་གྲུབ་ཚེ་རིང་ཞེས་གསོལ། དགུང་ལོ་ལྔ་པའི་དུས་ཡི་གེ་བསླབས་པར་ཚེགས་མེད་དུ་མཁྱེན། དགུང་ལོ་བཅུ་གཉིས་ནས་བཅུ་དྲུག་བར་ཆོས་འདོན་དུ་བྱོན། དགུང་ལོ་བཅུ་བདུན་སྐབས་གྲུབ་ཆེན་བསྟན་པའི་རྒྱལ་མཚན་གྱི་དྲུང་ནས་རབ་བྱུང་གྱི་སྡོམ་པ་བཞེས། མཚན་ངག་དབང་ཡེ་ཤེས་ཞེས་གསོལ། དགུང་ལོ་ཉི་ཤུ་རྩ་གཉིས་ལ་རྒྱལ་བ་བློ་བཟང་ཆོས་ཉིད་ཀྱི་དྲུང་དུ་ཟབ་ཆོས་མང་དུ་གསན་ཏེ་མཚན་འཇམ་དབྱངས་བློ་གྲོས་ཞེས་བསྩལ། དགུང་ལོ་ཉེར་གསུམ་ལ་དབུས་སུ་ཕེབས་ནས་འབྲས་བློ་གླིང་གི་ཆོས་གྲྭར་ཞུགས། ཏྲེ་ཧོར་བློ་བཟང་སྦྱིན་པ་དང། མི་ཉག་འཇམ་དཔལ་བློ་གྲོས། གསེར་ཁང་རྗེ་བྱམས་པ་བསྟན་འཛིན་རྒྱ་མཚོ་སོགས་ནས་མདོ་སྔགས་ཀྱི་ཆོས་ཚུལ་མཐའ་ཀླས་པ་གསན་ཅིང། ཕ་བོང་ཁ་རྗེ་བྱམས་པ་བསྟན་འཛིན་རྒྱ་མཚོའི་དྲུང་ནས་དགེ་སློང་གི་སྡོམ་པ་མནོས། རྗེ་འདི་གྲྭ་རྐྱང་བྱ་བྲལ་དུ་རི་ཁྲོད་ཨེ་གསང་ཕུག་ཏུ་འཚོ་བ་གང་བྱུང་ལ་ཆོག་ཤེས་བརྟེན་ནས་སྒྲུབ་པ་ལ་བརྩོན། དགུང་ལོ་སོ་ལྔ་ལ་མདོ་སྨད་དུ་ཕེབས། བྲག་གཡབ་བུ་དགོན་དུ་ལམ་རིམ་བདེ་ཆེན་ཞལ་ལུང་ལྗགས་བསྒྲིགས་མཛད། དཔའ་ཤོད་དགོན་དུ་གཞུང་ཆེན་པོད་ལྔའི་རྩོད་གྲྭ་བཙུགས། ཚོགས་གཞུང་དུ་བཏུང་བ་མྱོས་ཆང་གི་རྒྱུན་བཅད། རྫ་རྒྱུད་རྩ་ར་ཁར་ལམ་རིམ་གྱི་སྒྲུབ་གྲྭ་བཙུགས་ནས་རྨར་ཁམས་དགོན་ཁག་སོ་སོར་ལམ་རིམ་ཁོ་ན་ལ་གཞོལ་བ་མཛད། གཙུག་ཕུར་རི་ཁྲོད་ཕྱག་བཏབ། བཀའ་རྩོམ་ཡང། 《ལྷག་མཐོང་ཆེན་མོའི་དཀའ་གནད་རིན་ཆེན་ཕྲེང་བ》 《ཉམས་མགུར་གྱི་ཚོགས་ཐབས་ཤེས་གསང་བའི་བང་མཛོད་》 《ལྷག་མཐོང་ཆེན་མོའི་དཀའ་གནད་ཀྱི་འགྲེལ་པ་རིག་པའི་ལྕགས་ཐུར》སོགས་པོད་ཆེན་གཅིག་བཞུགས། དགུང་ལོ་ང་བཞི་ལ་ཕེབས་པ་རབ་བྱུང་བཅུ་དྲུག་པའི་ལྕགས་སྦྲུལ(༡༩༤༡)ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ།
- language:
- Tibetan
2. Thupten Phuntsok Dictionary
རྗེ་འདི་མདོ་སྨད་ཀྱི་སའི་ཆ་རྨེ་སྟོད་བྱང་དཀར་ཞེས་བྱ་བའི་ཡུལ་གྲུ་དེར་ཡབ་དར་རྒྱས་དང་ཡུམ་རྣལ་འབྱོར་མའི་རིགས་ཅན་དུ་གྲགས་པ་ལོ་ཡག་སྒྲོན་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ས་བྱི (༡༨༨༨) ལོར་འཁྲུངས། མཚན་དོན་གྲུབ་ཚེ་རིང་ཞེས་གསོལ། དགུང་ལོ་ལྔ་པའི་དུས་ཡི་གེ་བསླབས་པར་ཚེགས་མེད་དུ་མཁྱེན། དགུང་ལོ་བཅུ་གཉིས་ནས་བཅུ་དྲུག་བར་ཆོས་འདོན་དུ་བྱོན། དགུང་ལོ་བཅུ་བདུན་སྐབས་གྲུབ་ཆེན་བསྟན་པའི་རྒྱལ་མཚན་གྱི་དྲུང་ནས་རབ་བྱུང་གི་སྡོམ་པ་བཞེས། མཚན་ངག་དབང་ཡེ་ཤེས་ཞེས་གསོལ། དགུང་ལོ་ཉི་ཤུ་རྩ་གཉིས་ལ་རྒྱལ་བ་བློ་བཟང་ཆོས་ཉིད་ཀྱི་དྲུང་དུ་ཟབ་ཆོས་མང་དུ་གསན་ཏེ་མཚན་འཇམ་དབྱངས་བློ་གྲོས་ཞེས་བསྩལ། དགུང་ལོ་ཉེར་གསུམ་ལ་དབུས་སུ་ཕེབས་ནས་འབྲས་བློ་གླིང་གི་ཆོས་གྲྭར་ཞུགས། ཏྲེ་ཧོར་བློ་བཟང་སྦྱིན་པ་དང་། མི་ཉག་འཇམ་དཔལ་བློ་གྲོས། གསེར་ཁང་རྗེ་བྱམས་པ་བསྟན་འཛིན་རྒྱ་མཚོ་སོགས་ནས་མདོ་སྔགས་ཀྱི་ཆོས་ཚུལ་མཐའ་ཀླས་པ་གསན་ཅིང་། ཕ་བོང་ཁ་རྗེ་བྱམས་པ་བསྟན་འཛིན་རྒྱ་མཚོའི་དྲུང་ནས་དགེ་སློང་གི་སྡོམ་པ་མནོས། རྗེ་འདི་གྲྭ་རྐྱང་བྱ་བྲལ་དུ་རི་ཁྲོད་ཨེ་གསང་ཕུག་ཏུ་འཚོ་བ་གང་བྱུང་ལ་ཆོག་ཤེས་བརྟེན་ནས་སྒྲུབ་པ་ལ་བརྩོན། དགུང་ལོ་སོ་ལྔ་ལ་མདོ་སྨད་དུ་ཕེབས ། བྲག་གཡབ་བུ་དགོན་དུ་ལམ་རིམ་བདེ་ཆེན་ཞལ་ལུང་ལྗགས་བསྒྲིགས་མཛད། དཔའ་ཤོད་དགོན་དུ་གཞུང་ཆེན་པོད་ལྔའི་རྩོད་གྲྭ་བཙུགས། ཚོགས་གཞུང་དུ་བཏུང་བ་མྱོས་བྱེད་ཀྱི་རྒྱུན་བཅད། རྫ་རྒྱུད་རྩ་ར་ཁར་ལམ་རིམ་གྱི་སྒྲུབ་གྲྭ་བཙུགས་ནས་རྨར་ཁམས་དགོན་ཁག་སོ་སོར་ལམ་རིམ་ཁོ་ན་ལ་གཞོལ་བ་མཛད། གཙུག་ཕུར་རི་ཁྲོད་ཕྱག་བཏབ། བཀའ་རྩོམ་ཡང་། ལྷག་མཐོང་ཆེན་མོའི་དཀའ་གནད་རིན་ཆེན་ཕྲེང་བ》 ཉམས་མགུར་གྱི་ཚོགས་ཐབས་ཤེས་གསང་བའི་བང་མཛོད》 ལྷག་མཐོང་ཆེན་མོའི་དཀའ་གནད་ཀྱི་འགྲེལ་པ་རིག་པའི་ལྕགས་ཐུར》སོགས་པོད་ཆེན་གཅིག་བཞུགས། དགུང་ལོ་ང་བཞི་ལ་ཕེབས་པ་རབ་བྱུང་བཅུ་དྲུག་པའི་ལྕགས་སྦྲུལ་ (༡༩༤༡) ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་བཅོ་ལྔ་པའི་ས་ཕོ་བྱི་ལོ་སྟེ་སྤྱི་ལོ 1888 ལོར་[1135]མདོ་སྨད་རྨེ་སྟོད་བྱང་དཀར་དུ་ཡབ་དར་རྒྱས་དང་། ཡུམ་ལོ་ཡག་སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་ལྕགས་མོ་སྦྲུལ་ལོ་སྟེ་སྤྱི་ལོ 1941 ལོར་སྐུ་གཤེགས། ཁོང་དགུང་ལོ་ལྔ་པར་ཡི་གེའི་སྦྱོར་ཀློག་སློབ་པས་ཚེགས་མེད་དུ་མཁྱེན། དགུང་ལོ་བཅུ་གཉིས་ནས་བཅུ་དྲུག་བར་ཆོས་འདོན་དུ་བྱོན། དགུང་ལོ་བཅུ་བདུན་པར་གྲུབ་ཆེན་བསྟན་པའི་རྒྱལ་མཚན་གྱི་དྲུང་ནས་རབ་བྱུང་གི་སྡོམ་པ་བཞེས་ཤིང་མཚན་ལ་ངག་དབང་ཡེ་ཤེས་ཞེས་གསོལ། དགུང་ལོ་ཉེར་གཉིས་པར་རྒྱལ་བ་བློ་བཟང་ཆོས་ཉིད་ཀྱི་དྲུང་ནས་ཟབ་ཆོས་མང་དུ་གསན་ཏེ་མཚན་ལ་འཇམ་དབྱངས་བློ་གྲོས་ཞེས་གསོལ། དགུང་ལོ་ཉེར་གསུམ་པར་དབུས་སུ་ཕེབས་ནས་འབྲས་སྤུངས་བློ་གསལ་གླིང་གི་ཆོས་གྲྭར་ཞུགས་ཤིང་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་མཛད། ཀྲེ་ཧོར་བློ་བཟང་སྤྱིན་པ་དང་། མི་ཉག་འཇམ་དཔལ་བློ་གྲོས། གསེར་ཁང་བྱམས་པ་བསྟན་འཛིན་རྒྱ་མཚོ་སོགས་ལ་བསྟེན་ནས་མདོ་སྔགས་ཀྱི་ཆོས་ཚུལ་མཐའ་ཀླས་པ་གསན། ཕ་བོང་ཁ་བྱམས་པ་བསྟན་འཛིན་རྒྱ་མཚོའི་དྲུང་ནས་དགེ་སློང་གི་སྡོམ་པ་བཞེས། དེ་ནས་བྱ་བྲལ་གྱི་ཚུལ་དུ་རྟག་བརྟན་རི་ཁྲོད་ཨེ་གསང་ཕུག་ཏུ་ཕེབས་ཏེ་སྒྲུབ་པ་ཉམས་ལེན་ལ་བརྩོན་པ་མཛད། དགུང་ལོ་སོ་ལྔ་པར་མདོ་སྨད་དུ་ཕེབས་ཤིང་དཔའ་ཤོད་དགོན་དུ་གཞུང་ཆེན་བཀའ་པོད་ལྔའི་འཛིན་གྲྭ་བཙུགས་ཤིང་འཆད་ཉན་མཛད། གཙུག་ཕུར་རི་ཁྲོད་གསར་དུ་ཕྱག་འདེབས་མཛད། དགུང་ལོ་ང་བཞི་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་གསུང་རྩོམ་ནི《ལྷག་མཐོང་ཆེན་མོའི་དཀའ་གནད་[1136]རིན་ཆེན་ཕྲེང་བ》དང་། 《ཉམས་མགུར་གྱི་ཚོགས་ཐབས་ཤེས་གསང་བའི་བང་མཛོད》། 《ལྷག་མཐོང་ཆེན་མོའི་དཀའ་གནད་ཀྱི་འགྲེལ་བ་རིག་པའི་ལྕགས་ཐུར》བཅས་ཆོས་ཚན་དྲུག་ལོངས་པའི་པོད་གཅིག་བཞུགས་སོ། །
- language:
- Tibetan