- brag g.yab blo bzang bstan pa
- ID:
- T238161
- བྲག་གཡབ་བློ་བཟང་བསྟན་པ (Tibetan, Tibetan script, Original)
- > brag g.yab blo bzang bstan pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > drak yab lo zang tenpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རྗེ་འདི་ནི་གོ་འཇོ་ལྷ་ཐོག་ཡུལ་དུ་རབ་བྱུང་བཅུ་གཅིག་པའི་ཆུ་ཕག (༡༦༨༣) ལོར་སྐུ་འཁྲུངས། སྐུ་གཞོན་དུས་གསང་ཕུ་དགོན་དུ་སློབ་གཉེར་མཛད་དེ་ཁྲི་ཆེན་སྦྱིན་པ་རྒྱ་མཚོ་དང་བཀའ་འགྱུར་བློ་བཟང་ཆོས་འཛིན་སོགས་ཀྱི་ཞབས་ལ་གཏུགས་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན། མཁས་དང་གྲུབ་པའི་གོ་འཕང་བརྙེས། སྐུ་ཚེ་ཧྲིལ་པོ་འཆད་རྩོད་རྩོམ་གསུམ་གྱིས་དུས་འདའ་བར་མཛད། གསུང་རྩོམ་ལ་མཚོན་ན། ཁམས་གསུམ་འགྲོ་བའི་བླ་མ་ཆོས་ཀྱི་རྒྱལ་པོ་ཐམས་ཅད་མཁྱེན་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་ཆུ་གཏེར》 རྒྱལ་དབང་ལྔ་པའི་རིགས་གསུམ་སྤྱི་སྒྲུབ་ཀྱི་རྣམ་བཤད་ཆེན་མོ་ཕན་བདེའི་འབྱུང་གནས》 སྙིང་པོ་དོན་གསུམ་གྱི་ཁྲིད་ཡིག་རྒྱས་བསྡུས་གཉིས་སུ་ཕྱེ་བ》 སེམས་བསྐྱེད་ཆོ་ག་བཟུང་ཚུལ》སོགས་ཆོས་དཔེ་པོད་གཅིག་ལྷག་དཀའ་རྩོམ་གནང་། མཐར་དགུང་ལོ་ལྔ་བཅུ་ང་བདུན་ལ་ཕེབས་པ་རབ་བྱུང་བཅུ་གཉིས་པའི་ས་ལུག (༡༧༣༩) ལོར་སྐུ་གཤེགས།
- language:
- Tibetan
2. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཆུ་མོ་ཕག་ལོ་སྟེ་སྤྱི་ལོ 1683 ལོར་ཁམས་གོ་འཇོ་ལྷ་ཐོག་ཏུ་་སྐུ་འཁྲུངས། རབ་བྱུང་བཅུ་གཉིས་པའི་ས་མོ་ལུག་ལོ་སྟེ་སྤྱི་ལོ 1739 ལོར་སྐུ་གཤེགས། ཁོང་དགུང་ལོ་གཞོན་ནུའི་དུས་ནས་དབུས་སུ་ཕེབས་ཏེ་གསང་ཕུར་བཞུགས་ནས་སློབ་གཉེར་མཛད། ཁྲི་ཆེན་སྦྱིན་པ་རྒྱ་མཚོ་དང་། བཀའ་འགྱུར་བློ་བཟང་ཆོས་འཛིན་སོགས་ཡོངས་སུ་གྲགས་པའི་སློབ་དཔོན་མང་པོར་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད། སྐུ་ཚེ་གང་བོར་འཆད་རྩོད་རྩོམ་གསུམ་གྱིས་དུས་འདའ་བར་མཛད། དགུང་ལོ་ལྔ་བཅུ་ང་བདུན་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་གསུང་རྩོམ་ནི《ཁམས་གསུམ་འགྲོ་བའི་བླ་མ་ཆོས་ཀྱི་རྒྱལ་པོ་ཐམས་ཅད་མཁྱེན་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱི་རྣམ་པར་ཐར་པ་ལེགས་བཤད་ཉིན་མོར་བྱེད་པ》། 《མཁས་པའི་གཙུག་རྒྱན་རྒྱལ་ཚབ་ཆེན་པོ་དར་མ་རིན་ཆེན་གྱི་རྣམ་པར་ཐར་པ་ཡོན་ཏན་ཆུ་གཏེར》། 《འཛམ་གླིང་གི་རྒྱན་མཁས་གྲུབ་ཆེན་པོ་དགེ་ལེགས་དཔལ་བཟང་པོའི་རྣམ་པར་ཐར་པ་རིན་ཆེན་འབྱུང་གནས》། 《རྒྱལ་བ་ལྔ་པའི་རིགས་གསུམ་སྤྱི་སྒྲུབ་ཀྱི་[1137]རྣམ་བཤད་ཆེན་མོ་ཕན་བདེའི་འབྱུང་གནས》། 《ཡི་དམ་ཆོས་སྐྱོང་གི་བསྟོད་ཚོགས་འཕྲིན་ལས་ལྷུན་གྲུབ》བཅས་ཆོས་ཚན་བཅོ་བརྒྱད་ལོངས་པའི་བྲིས་མ་པོད་གཅིག་བཞུགས་སོ། །
- language:
- Tibetan