- brag gser gyi bya skyibs can
- ID:
- T238170
- བྲག་གསེར་གྱི་བྱ་སྐྱིབས་ཅན (Tibetan, Tibetan script, Original)
- > brag gser gyi bya skyibs can (Tibetan, Latin script, Transliteration-THL Extended Wylie Transliteration)
- > drak ser gyija kyibchen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
འདི་ལ《མངོན་པ་མཛོད》གནས་གསུམ་པའི་འཇིག་རྟེན་ཆགས་ཚུལ་སྐབས་ཀྱི་མཆིམས་མཛོད་འགྲེལ་པ་མངོན་པའི་རྒྱན་གྱི་ཤོག་གྲངས༡༥༨ལས། མཚོ་མ་དྲོས་པ་ནས་བྱང་དུ་དཔག་ཚད་ཉི་ཤུ་སྟེ། རྒྱང་གྲགས(འདི་ལ་བརྩི་ཚུལ་མི་འདྲ་བ་འགའ་ཞིག་ཡོད་པར་མཚོ་སྔོན་ཚེ་ཏན་ཞབས་དྲུང་རིན་པོ་ཆེའི《དག་ཡིག་ཐོན་མིའི་དགོངས་རྒྱན》ཤོག་གྲངས༧༩པར་གསུངས་པ་ལྟར་ལ། འདིར་མངོན་པ་མཛོད་ལས་བཤད་པ་ལྟར། གཞུ་འདོམ་ལྔ་བརྒྱར་རྒྱང་གྲགས་གཅིག་དང། རྒྱང་གྲགས་བརྒྱད་ལ་དཔག་ཚད་གཅིག་ཏུ་བརྩིས་པའི་ལུགས་ལྟར་བྱས་ན)བརྒྱ་དང་དྲུག་ཅུ་འདས་པའི་སར་བྲག་ཕུག་བརྒྱད་སྟོང་གིས་བསྐོར་བ་ཞིག་ཡོད་པར་བཤད། རྗེ་བཙུན་མི་ལ་རས་པའི་མགུར་འབུམ་རྡོ་རྗེའི་མགུར་དྲུག་གི་ཤོག་གྲངས༤༥པ་ལས། གངས་རི་ཏི་སེའི་ལྷོ་ངོས་སུ་ཡོད་པར་གསུངས་པས་འཆད་ཚུལ་མི་འདྲ་བ་འདུག།
- language:
- Tibetan
2. Thupten Phuntsok Dictionary
འདི་ལམངོན་པ་མཛོད》གནས་གསུམ་པའི་འཇིག་རྟེན་ཆགས་ཚུལ་སྐབས་ཀྱི་མཆིམས་མཛོད་འགྲེལ་པ་མངོན་པའི་རྒྱན་གྱི་ཤོག་གྲངས་༡༥༨ལས། མཚོ་མ་དྲོས་པ་ནས་བྱང་དུ་དཔག་ཚད་ཉི་ཤུ་སྟེ། རྒྱང་གྲགས (འདི་ལ་བརྩི་ཚུལ་མི་འདྲ་བ་འགའ་ཞིག་ཡོད་པར་མཚོ་སྔོན་ཚེ་ཏན་ཞབས་དྲུང་རིན་པོ་ཆེའིདག་ཡིག་ཐོན་མིའི་དགོངས་རྒྱན》ཤོག་གྲངས༧༩པར་གསུངས། གཞུ་འདོམ་ལྔ་བརྒྱར་རྒྱང་གྲགས་གཅིག་དང་། རྒྱང་གྲགས་བརྒྱད་ལ་དཔག་ཚད་གཅིག་ཏུ་བརྩིས་པའི་ལུགས་ལྟར་བྱས་ན) བརྒྱ་དང་དྲུག་ཅུ་འདས་པའི་སར་བྲག་ཕུག་བརྒྱད་སྟོང་གིས་བསྐོར་བ་ཞིག་ཡོད་པར་བཤད། རྗེ་བཙུན་མི་ལ་རས་པའི་མགུར་འབུམ་རྡོ་རྗེའི་མགུར་དྲུག་གི་ཤོག་གྲངས༤༥པ་ལས། གངས་རི་ཏི་སེའི་ལྷོ་ངོས་སུ་ཡོད་པར་གསུངས་པས་འཆད་ཚུལ་མི་འདྲ་བ་འདུག
- language:
- Tibetan