Skip to main content Skip to search
brang ti nam mkha' sangs rgyas
ID:
T238180
  • བྲང་ཏི་ནམ་མཁའ་སངས་རྒྱས (Tibetan, Tibetan script, Original)
    • > brang ti nam mkha' sangs rgyas (Tibetan, Latin script, Transliteration-THL Extended Wylie Transliteration)
    • > drang ti namkha sangye (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

གཙང་ངོར་དགོན་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་བཅུ་བདུན་པ་ཡིན། པན་ཆེན་ནམ་མཁའ་དཔལ་བཟང་གི་སྐུ་དབོན་དུ་ཤབ་སྟོད་རྗེ་ལུང་དུ་འཁྲུངས། སྐུ་ཆུང་ངུར་ཐར་རྩེར་བྱོན་ནས་རིག་པའི་གནས་ལ་འཇུག་པའི་འགོ་བརྩམས། ཁུ་བོ་རིགས་བརྒྱའི་མགོན་པོ་ནམ་མཁའ་དཔལ་བཟང་དང་རྩེ་གདོང་ཁྲི་ཆེན་སྐུ་མཆེད་སོགས་མཁས་བཙུན་གྱི་སྐྱེས་ཆེན་དམ་པ་དུ་མའི་སྤྱན་སྔ་ནས་སྡོམ་པ་གསུམ་གྱི་བསླབ་པའི་གཞི་བྱས། གསུང་ངག་ལམ་འབྲས་བུ་དང་བཅས་པའི་གདམས་པས་ཐུགས་རྒྱུད་ལེགས་པར་གཏམས་པར་མཛད་ནས་མཁས་པའི་ཡང་རྩེར་སོན། བར་སྐབས་སུ་ཁམས་ཕྱོགས་སུ་བྱོན་ནས་བསྟན་འགྲོའི་དོན་རྒྱ་ཆེར་མཛད། པཎ་ཆེན་གཤེགས་རྗེས་ཨེ་ཝཾ་ཐར་རྩེ་འཛིན་སྐྱོང་གནང་། རབ་བྱུང་བཅུ་པའི་ཆུ་ཁྱི་སྤྱི་ལོ་ (༡༦༢༢) ལོར་རྒྱལ་བ་རྡོ་རྗེ་འཆང་གི་ཁྲིར་ཕེབས་ནས་གདན་ས་ལོ་གསུམ་མཛད། སློབ་མའི་ཚོགས་ཀྱང་གནས་གསར་དབོན་རིན་པོ་ཆེ་སོགས་གདུལ་བྱ་དཔག་མེད་བསྐྱངས་ནས་མཐར་དགོངས་པ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པར་མཛད་དོ། །

language:
Tibetan