Skip to main content Skip to search
brang nad
ID:
T238181
  • བྲང་ནད (Tibetan, Tibetan script, Original)
    • > brang nad (Tibetan, Latin script, Transliteration-THL Extended Wylie Transliteration)
    • > drang né (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རྩ་ནད་ཆུ་སེར་གྲམས་པ་ལས་བྱུང་བའི་བྱིས་པའི་འདར་ནད་ཀྱི་མིང་སྟེ། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་གསོ་རིག་སྐོར་གྱི་མིང་ཚིག་ཉེར་མཁོའི་དོན་གསལ་ལས། བྲང་ནད་བྱིས་པའི་རྩ་ནད་མིང་། ཞེས་གསུངས་པ་དང་། གོང་སྨན་དཀོན་མཆོག་བདེ་ལེགས་ཀྱིས་མཛད་པའི་པོད་དམར་ལས། བྱིས་པའི་བྲང་ནད་ནི། བྲང་ལ་ཕོག་པའི་ནད་དུ་བཤད་པར་མ་ཡིན་ཞིང་། ནད་ཐོག་མར་ཕོག་དུས་བྲང་དང་རོ་སྟོད་དུ་སྐྲངས་པ་འབྱུང་བའི་ཕྱིར་བྲང་ནད་ཅེས་བཤད་པ་སྟེ། ངོ་བོ་ནི་རྩ་ནད་ཆུ་སེར་གྲམས་པ་ལས་བྱུང་བའི་ནད་དོ། །ཞེས་གསུངས།

language:
Tibetan