Skip to main content Skip to search
bram ze rkang mig
ID:
T238189
  • བྲམ་ཟེ་རྐང་མིག (Tibetan, Tibetan script, Original)
    • > bram ze rkang mig (Tibetan, Latin script, Transliteration-THL Extended Wylie Transliteration)
    • > dramzé kang mik (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

བྲམ་ཟེ་དེའི་མིང་ལ་སྔར་དྲང་སྲོང་མཛེས་པ་ཟེར་ཞིང། དྲང་སྲོང་འདི་ལྷ་ཆེན་དབང་ཕྱུག་གིས་རང་གི་བཙུན་མོ་རྒན་པ་ཨུ་མའི་སྲུང་མ་ལ་བཞག་པའི་ཚེ་དེ་གཟུགས་ཤིན་ཏུ་མཛེས་པས་ཨུ་མ་དེ་ལ་ཆགས་ནས་མདུན་དུ་འདུག་སྟེ་ཆགས་པའི་རྣམ་འགྱུར་དུ་མ་བསྟན་ཀྱང་དྲང་སྲོང་དེས་མིག་རྐང་པར་ཕབ་སྟེ་བརྟུལ་ཞུགས་བསྲུངས་པས་ལྷ་ཆེན་མཉེས་ནས་གཞུང་རྩོམ་པའི་སྟོན་པར་གྱུར་ཅིག་ཅེས་དབང་བསྐུར་ནས་མཆོག་སྦྱིན་པས་དྲང་སྲོང་རྐང་མིག་ཅེས་གྲགས། དེས་རིག་པ་ཅན་པའི་གཞུང《རིག་པའི་ལྟ་བ》བརྩམས། དེའི་རྗེས་འབྲངས་པ་རྣམས་ལ་རྐང་མིག་པའམ་རིག་པ་ཅན་པ་ཞེས་གྲགས།

language:
Tibetan

2. Thupten Phuntsok Dictionary

བྲམ་ཟེ་དེའི་མིང་ལ་སྔར་དྲང་སྲོང་མཛེས་པ་ཟེར་ཞིང་། དྲང་སྲོང་འདི་ལྷ་ཆེན་དབང་ཕྱུག་གིས་རང་གི་བཙུན་མོ་རྒན་པ་ཨུ་མའི་སྲུང་མ་ལ་བཞག་པའི་ཚེ་དེ་གཟུགས་ཤིན་ཏུ་མཛེས་པས་ཨུ་མ་དེ་ལ་ཆགས་ནས་མདུན་དུ་འདུག་སྟེ་ཆགས་པའི་རྣམ་འགྱུར་དུ་མ་བསྟན་ཀྱང་དྲང་སྲོང་དེས་མིག་རྐང་པར་ཕབ་སྟེ་བརྟུལ་ཞུགས་བསྲུངས་པས་ལྷ་ཆེན་མཉེས་ནས་གཞུང་རྩོམ་པའི་སྟོན་པར་གྱུར་ཅིག་ཅེས་དབང་བསྐུར་ནས་མཆོག་སྦྱིན་པས་དྲང་སྲོང་རྐང་མིག་ཅེས་གྲགས། དེས་རིག་པ་ཅན་པའི་གཞུངརིག་པའི་ལྟ་བ》བརྩམས། དེའི་རྗེས་འབྲངས་པ་རྣམས་ལ་རྐང་མིག་པའམ་རིག་པ་ཅན་པ་ཞེས་གྲགས།

language:
Tibetan