- bla ma rdo rje rgyal mtshan
- ID:
- T238256
- བླ་མ་རྡོ་རྗེ་རྒྱལ་མཚན (Tibetan, Tibetan script, Original)
- > bla ma rdo rje rgyal mtshan (Tibetan, Latin script, Transliteration-THL Extended Wylie Transliteration)
- > lama dorjé gyaltsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྗེ་འདི་ཉིད་རབ་བྱུང་ལྔ་པའི་ཆུ་ལུག(༡༢༨༣)ལོར་སྐུ་བལྟམས། སྐུ་གཞོན་ནུའི་དུས་སུ་འབྲི་ཀློག་ལ་སྦྱངས་པས་ཚེགས་མེད་དུ་མཁྱེན། འཇམ་དབྱངས་རིན་རྒྱལ་དང་སློབ་དཔོན་ཤེས་རྒྱལ་ལ་མཁན་སློབ་ཞུས་ནས་རབ་ཏུ་བྱུང་། དགུང་ལོ་བཅུ་དྲུག་པ་ལ་དབེན་དམར་གྱི་གདན་ས་བཟུང་། དུས་འཁོར་གྱི་བཤད་གྲྭ་བསྐྱངས། མཁན་པོ་བཀའ་བཞི་པ་དང་མཁན་པོ་ཞལ་སྔ་བ་ལས་བསྙེན་པར་རྫོགས། ཐར་པ་ལོ་ཙཱ་བ་ལས་སྒྲ་ཙནྡྲ་པ་དང་ཡི་གེའི་རིགས་ཐམས་ཅད་བསླབས། མངོན་པ་དང་མན་ངག་སྒྲུབ་ཐབས་མང་པོ་གསན། བླ་མ་ཤེས་རབ་སེང་གེ་བ་ལས་དུས་འཁོར་གྱིས་གཙོ་བྱས་པའི་དབང་བཀའ་ཐམས་ཅད་གསན། དེ་བཞིན་མཁན་པོ་ཞལ་སྔ་བ་ལ་འདུལ་མཛོད། ཇོ་བོ་ལྷས་པ་སངས་རྒྱས་སྒོམ་པ་ལ་སྒང་ལོ་ཙཱ་ནས་བརྒྱུད་པའི་རྡོ་རྗེ་ཕྲེང་བ། གསང་འདུས། ཇོ་བོ་ལུགས་ཀྱི་བདེ་མཆོག ལམ་འབྲས་ལ་སོགས་པའི་མན་ངག་དང་གཞན་རྒྱུད་མང་དག་ཞུས། དེ་ནས་སྲིའུ་ཆུང་བ་བློ་ལྡན་སེང་གེ་ལས་གསང་འདུས། ཡོ་ག གསང་ལྡན། གདན་བཞི་ལ་སོགས་པའི་རྒྱུད་མང་པོ་གསན། བླ་མ་ཤེས་རབ་སེང་གེ་གཤེགས་ནས་ཤམྦྷར་དང་གཉིས་ཀ་བཟུང་ནས་དུས་འཁོར་གྱི་བཤད་ཉན་ཡུན་རིང་མཛད། སྙན་པའི་གྲགས་པ་ཕྱོགས་ཀུན་ཏུ་ཁྱབ། རྒྱལ་བློན་རྣམས་ཀྱིས་རྗེ་ཉིད་ཀྱི་སྐུ་ཡོན་ལ་ཤིན་ཏུ་དད་ཅིང་སྤྱི་བོར་བཀུར། སློབ་མ་བུ་རིན་པོ་ཆེ་སོགས་མང་དུ་བྱོན། དགུང་གྲངས་བཞི་བཅུ་ཞེ་གསུམ་ལ་ཕེབས་པ་རབ་བྱུང་ལྔ་པའི་ཤིང་གླང(༡༣༢༥)ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ།
- language:
- Tibetan
2. Thupten Phuntsok Dictionary
རྗེ་འདི་ཉིད་རབ་བྱུང་ལྔ་པའི་ཆུ་ལུག (༡༢༨༣) ལོར་སྐུ་བལྟམས། སྐུ་གཞོན་ནུའི་དུས་སུ་འབྲི་ཀློག་ལ་སྦྱངས་པས་ཚེགས་མེད་དུ་མཁྱེན། འཇམ་དབྱངས་རིན་རྒྱལ་དང་སློབ་དཔོན་ཤེས་རྒྱལ་ལ་མཁན་སློབ་ཞུས་ནས་རབ་ཏུ་བྱུང་། དགུང་ལོ་བཅུ་དྲུག་པ་ལ་དབེན་དམར་གྱི་གདན་ས་བཟུང་། དུས་འཁོར་གྱི་བཤད་གྲྭ་བསྐྱངས། མཁན་པོ་བཀའ་བཞི་པ་དང་མཁན་པོ་ཞལ་སྔ་བ་ལས་བསྙེན་པར་རྫོགས། ཐར་པ་ལོ་ཙཱ་བ་ལས་སྒྲ་ཙནྡྲ་པ་དང་ཡི་གེའི་རིགས་ཐམས་ཅད་བསླབས། མངོན་པ་དང་མན་ངག་སྒྲུབ་ཐབས་མང་པོ་གསན། བླ་མ་ཤེས་རབ་སེང་གེ་བ་ལས་དུས་འཁོར་གྱིས་གཙོ་བྱས་པའི་དབང་བཀའ་ཐམས་ཅད་གསན། དེ་བཞིན་མཁན་པོ་ཞལ་སྔ་བ་ལ་འདུལ་མཛོད། ཇོ་བོ་ལྷས་པ་སངས་རྒྱས་སྒོམ་པ་ལ་སྒང་ལོ་ཙཱ་ནས་བརྒྱུད་པའི་རྡོ་རྗེ་ཕྲེང་བ། གསང་འདུས། ཇོ་བོ་ལུགས་ཀྱི་བདེ་མཆོག ལམ་འབྲས་ལ་སོགས་པའི་མན་ངག་དང་གཞན་རྒྱུད་མང་དག་ཞུས། དེ་ནས་སྲིའུ་ཆུང་བ་བློ་ལྡན་སེང་གེ་ལས་གསང་འདུས། ཡོ་ག གསང་ལྡན། གདན་བཞི་ལ་སོགས་པའི་རྒྱུད་མང་པོ་གསན། བླ་མ་ཤེས་རབ་སེང་གེ་གཤེགས་ནས་ཤམྦྷར་དང་གཉིས་ཀ་བཟུང་ནས་དུས་འཁོར་གྱི་བཤད་ཉན་ཡུན་རིང་མཛད། སྙན་པའི་གྲགས་པ་ཕྱོགས་ཀུན་ཏུ་ཁྱབ། རྒྱལ་བློན་རྣམས་ཀྱིས་རྗེ་ཉིད་ཀྱི་སྐུ་ཡོན་ལ་ཤིན་ཏུ་དད་ཅིང་སྤྱི་བོར་བཀུར། སློབ་མ་བུ་རིན་པོ་ཆེ་སོགས་མང་དུ་བྱོན། དགུང་གྲངས་བཞི་བཅུ་ཞེ་གསུམ་ལ་ཕེབས་པ་རབ་བྱུང་ལྔ་པའི་ཤིང་གླང (༡༣༢༥) ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ།
- language:
- Tibetan