- blo bkod
- ID:
- T238292
- བློ་བཀོད (Tibetan, Tibetan script, Original)
- > blo bkod (Tibetan, Latin script, Transliteration-THL Extended Wylie Transliteration)
- > lo kö (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རྩོམ་པ་པོ་དང་སྒྱུ་རྩལ་མཁས་པ་ཚོས་བརྩམ་བྱ་གསར་རྩོམ་བྱེད་སྐབས་བློ་བཀོད་འདོན་སྟངས་ཤིག་ཡིན་པ་སྟེ། རྩོམ་ཡིག་གི་བཀོད་སྒྲིག་དང་མཛེས་རྩལ་གྱི་རི་མོའི་གྲུབ་ཚུལ་བཀོད་སྒྲིག་མ་བྱས་གོང་བསམ་བློའི་འཆར་འགོད་དང་གྲྭ་སྒྲིག་བྱས་པ་དེར་བློ་བཀོད་ཅེས་ཟེར། མཛེས་རྩལ་གསར་རྩོམ་བྱེད་པའི་ནང་ཐོག་མར་དཔྱད་གཞི་ལེགས་སྒྲིག་དང་། ནང་དོན་འདེམས་སྒྲུག བརྗོད་བྱའི་གཙོ་དོན་གཏན་འཁེལ། གྲུབ་ཆ་བཀོད་སྒྲིག བཟོ་དབྱིབས་སྐྲུན་སྟངས། དེ་བཞིན་ཚོན་མདངས་བྱེད་སྟངས་སོགས་ཚང་མ་བསམ་བློ་གཏོང་བའི་བརྒྱུད་རིམ་ནང་ངེས་པར་དུ་ཕྱོགས་ཡོངས་ནས་བསམ་གཞིགས་ཐུབ་པ་བྱེད་དགོས། སེམས་ནང་གདེང་ཚོད་ཡོད་པ་བྱུང་ན་གཞི་ནས་རི་མོའི་ཐོག་རང་གི་བསམ་དོན་རྣམས་མཚོན་ཐུབ་པ་ཡོང་གི་རེད།
- language:
- Tibetan