Skip to main content Skip to search
blo khams
ID:
T238294
  • བློ་ཁམས (Tibetan, Tibetan script, Original)
    • > blo khams (Tibetan, Latin script, Transliteration-THL Extended Wylie Transliteration)
    • > lo kham (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རིག་རྩལ་བརྩམ་བྱའི་ནང་བྲིས་པའི་འཚོ་བ་དང་བསམ་པའི་བརྩེ་དུང་གཉིས་རོ་གཅིག་ཏུ་གྱུར་ནས་གྲུབ་པའི་སྒྱུ་རྩལ་གྱི་བློ་ཁམས་ཤིག་ཡིན། ཕུལ་དུ་བྱུང་བའི་རི་མོའི་བརྩམ་བྱ་ཞིག་ལ་མཚོན་ན། རི་མོ་མཁན་རང་ཉིད་ཀྱི་བསམ་པའི་བརྩེ་དུང་དེ་ཟབ་འཇུག་བྱས་ཏེ་རི་མོའི་ངོས་སུ་བསམ་པ་དང་ཡུལ་ཁམས་ལྷན་དུ་འབྲེལ་བའི་སྒྱུ་རྩལ་གྱི་བློ་ཁམས་མཚོན་པ་བྱེད་ཀྱི་ཡོད། སྒྱུ་རྩལ་གྱི་བློ་ཁམས་ལ་ཡིད་དབང་འཕྲོག་པའི་ནུས་པ་ཆེན་པོ་ལྡན་ཡོད་ཅིང་། བརྩམ་བྱའི་སྒྱུ་རྩལ་གྱི་རིན་ཐང་ཆེ་ཆུང་དེ་ཚད་གཞི་མཐོ་ཙམ་ནས་བཤད་ན། བློ་ཁམས་ཀྱི་གསར་རྩོམ་ལ་རགས་ལས་ཡོད། དེ་ནི་སྒྱུ་རྩལ་གྱི་གཟུགས་དབྱིབས་ལ་བརྟེན་ནས་བློ་ཁམས་མཚོན་པར་བྱེད་དགོས་པས། གཟུགས་དབྱིབས་དེར་ངེས་པར་དུ་གཟུགས་དང་སེམས་གཉིས་རོ་གཅིག་ཏུ་གྱུར་ཏེ། འདོད་བློ་ཁེངས་པའི་སྒྱུ་རྩལ་གྱི་ཁྱད་ཡོན་ལྡན་དགོས། དེ་འདྲ་བྱས་ན་གཞི་ནས་སྙན་ངག་གི་བརྩེ་སེམས་ལྡན་ལ་རི་མོའི་ཤེས་པ་ལྡན་པ་དང་ཚང་མའི་ཡིད་དབང་འཕྲོག་པའི་ནུས་པའང་ཐོན་ཐུབ།

language:
Tibetan