Skip to main content Skip to search
blo gros rgyal mtshan
ID:
T238297
  • བློ་གྲོས་རྒྱལ་མཚན (Tibetan, Tibetan script, Original)
    • > blo gros rgyal mtshan (Tibetan, Latin script, Transliteration-THL Extended Wylie Transliteration)
    • > lodrö gyaltsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ས་སྐྱའི་ཆོས་རྒྱལ་བདུན་པ་ཁྲི་ཐོག་བཅུ་བཞི་པ་འདི་ཉིད་ཡབ་ཀུན་དགའ་རྒྱལ་མཚན་དང་ཡུམ་མ་གཅིག་བསོད་ནམས་དཔལ་གཉིས་ཀྱི་སྲས་སུ་རབ་བྱུང་དྲུག་པའི་ཆུ་སྤྲེལ(༡༣༣༢)ལོར་སྐུ་འཁྲུངས། དེ་ནས་ཀུན་མཁྱེན་ཇོ་ནང་པ་དང་། བོ་དོང་ཁ་ཆེ། ས་བཟང་མ་ཏི་པཎ་ཆེན་སོགས་དགེ་བའི་གཉེན་ལ་བསྟེན་ནས་ཡི་གེ་འབྲི་ཀློག་དང་ཆོས་སོགས་སློབ་གཉེར་མཛད། དགུང་ལོ་དྲུག་ཏུ་ཕེབས་པ་རབ་བྱུང་དྲུག་པ་མེ་གླང(༡༣༣༧)ལོར་ས་སྐྱའི་ཁྲིར་ཕེབས་ཤིང་གཞི་ཐོག་པའི་གདན་ས་ཡང་མཛད། ལོ་བཅུ་གཉིས་རིང་གདན་ས་ཆེན་པོར་ཚོགས་ཆོས་གསུངས། དགུང་ལོ་བཅོ་བརྒྱད་ལ་ཕེབས་པ་རབ་བྱུང་དྲུག་པའི་ས་གླང(༡༣༤༩)ལོར་ས་སྐྱའི་སྲིད་དབང་ཉམས་ཏེ་ཕག་གྲུ་པ་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་བོད་དབུས་གཙང་ཕལ་ཆེ་བ་དབང་དུ་བསྡུས། དགུང་ལོ་སོ་གསུམ་པ་རབ་བྱུང་དྲུག་པའི་ཤིང་འབྲུག(༡༣༦༤)ལོར་སྐུ་གཤེགས།

language:
Tibetan

2. Thupten Phuntsok Dictionary

ས་སྐྱའི་ཆོས་རྒྱལ་བདུན་པ་ཁྲི་ཐོག་བཅུ་བཞི་པ་འདི་ཉིད་ཡབ་ཀུན་དགའ་རྒྱལ་མཚན་དང་ཡུམ་མ་གཅིག་བསོད་ནམས་དཔལ་གཉིས་ཀྱི་སྲས་སུ་རབ་བྱུང་དྲུག་པའི་ཆུ་སྤྲེལ (༡༣༣༢) ལོར་སྐུ་འཁྲུངས། དེ་ནས་ཀུན་མཁྱེན་ཇོ་ནང་པ་དང་། བོ་དོང་ཁ་ཆེ། ས་བཟང་མ་ཏི་པཎ་ཆེན་སོགས་དགེ་བའི་བཤེས་གཉེན་ལ་བརྟེན་ནས་ཡི་གེ་འབྲི་ཀློག་དང་ཆོས་སོགས་སློབ་གཉེར་མཛད། དགུང་ལོ་དྲུག་ཏུ་ཕེབས་པ་རབ་བྱུང་དྲུག་པ་མེ་གླང (༡༣༣༧) ལོར་ས་སྐྱའི་ཁྲིར་ཕེབས་ཤིང་གཞི་ཐོག་པའི་གདན་ས་ཡང་མཛད། ལོ་བཅུ་གཉིས་རིང་གདན་ས་ཆེན་པོར་ཚོགས་ཆོས་གསུངས། དགུང་ལོ་བཅོ་བརྒྱད་ལ་ཕེབས་པ་རབ་བྱུང་དྲུག་པའི་ས་གླང་ (༡༣༤༩) ལོར་ས་སྐྱའི་སྲིད་དབང་ཉམས་ཏེ་ཕག་གྲུ་པ་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་བོད་དབུས་གཙང་ཕལ་ཆེ་བ་དབང་དུ་བསྡུས། དགུང་ལོ་སོ་གསུམ་པ་རབ་བྱུང་དྲུག་པའི་ཤིང་འབྲུག (༡༣༦༤) ལོར་སྐུ་གཤེགས།

language:
Tibetan