Skip to main content Skip to search
blo 'dzin ri mo
ID:
T238318
  • བློ་འཛིན་རི་མོ (Tibetan, Tibetan script, Original)
    • > blo 'dzin ri mo (Tibetan, Latin script, Transliteration-THL Extended Wylie Transliteration)
    • > lo dzin rimo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

བློ་འཛིན་ལ་བརྟེན་ནས་བསམ་གཞིགས་ལེགས་པར་བྱས་རྗེས་སུ་རི་མོའི་འཆར་འགོད་བཀོད་སྒྲིག་ལེགས་པར་བྱས་ཏེ་རི་མོ་བྲིས་པར་བློ་འཛིན་རི་མོ་ཟེར། བློ་འཛིན་རི་མོ་ནི་དོན་དངོས་ཐོག་རི་མོ་རིགས་མི་འདྲ་བའི་ཁྱད་པར་མ་ཡིན་ཏེ། རི་མོ་འབྲི་བའི་འཇོན་ཐང་དང་ལག་རྩལ་གྱི་རིགས་ཤིག་ཡིན། འཇོན་ཐང་དང་ལག་རྩལ་དེ་རིགས་རི་མོ་མཁན་སོ་སོ་ལ་མཚོན་ན། མཛེས་རྩལ་གསར་རྩོམ་སྐབས་རྣམས་ཀྱི་དབྱིབས་དང་འགུལ་སྐྱོད་ཀྱི་ཆོས་ཉིད་རང་བཞིན། ཚོན་མདོག་གི་ངོ་བོ་དང་འོད་ལམ་ཤུགས་ཆེ་ཆུང་གི་འགྱུར་ལྡོག་སོགས་ལ་ཞིབ་འཇུག་དང་བལྟ་སྦྱོང་ཡང་ནས་ཡང་དུ་བྱེད་དགོས་པ་ཡིན། རང་བྱུང་ཁམས་ནང་གི་བྱ་དངོས་རྣམས་ལ་འགྱུར་བ་ཁྲི་སྟོང་མང་པོ་ཡོད་པའི་རྐྱེན་གྱིས་མགྱོགས་བྲིས་རྐྱང་པས་ཟིན་ཐོ་འགོད་ཐབས་མེད་པས་བློ་འཛིན་གྱི་ནུས་པར་བརྟེན་ནས་ཡིད་ལ་ངེས་དགོས། ཤེས་དཔལ་ལྡན་པའི་གནའ་བོའི་རྒྱལ་ཁབ་མང་པོས་བློ་འཛིན་རི་མོའི་ཐབས་ཤེས་གསོག་འཇོག་བྱས་ཡོད་པ་མ་ཟད། གཡུར་དུ་ཟ་བའི་འབྲས་བུའང་བཏགས་ཡོད།

language:
Tibetan