Skip to main content Skip to search
blo bzhag drug
ID:
T238319
  • བློ་བཞག་དྲུག (Tibetan, Tibetan script, Original)
    • > blo bzhag drug (Tibetan, Latin script, Transliteration-THL Extended Wylie Transliteration)
    • > lo shyak druk (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

གསོ་བ་པོ་སྨན་པས་དུས་རྟག་ཏུ་བློ་ལ་གཞག་དགོས་པའི་དམ་ཚིག་རྣམ་པ་དྲུག་སྟེ། རང་ཉིད་ལ་གདམས་ངག་ཟབ་མོའི་གནད་སྟོན་མཁན་གྱི་སློབ་དཔོན་དེ་ཉིད་སངས་རྒྱས་དངོས་ཀྱི་འདུ་ཤེས་བློ་ལ་བཞག་པ་དང་། སློབ་དཔོན་གྱི་གསུང་ལ་བསླུ་མེད་དྲང་སྲོང་གི་གསུང་དུ་བློ་བཞག གསོ་དཔྱད་ཀྱི་བསྟན་བཅོས་ཚད་མ་རྣམས་ལ་དམ་པའི་ཆོས་སུ་བློ་བཞག མཆེད་གྲོགས་ལ་རིགས་རུས་གཅིག་པའི་སྤུན་གྱི་བློ་བཞག ནད་པ་ལ་རང་ཉིད་ཀྱི་གཅེས་པའི་བུ་ཚའི་བློ་བཞག ནད་པའི་རྣག་ཁྲག་ལ་རང་ཉིད་ཀྱིས་དུས་རྟག་ཏུ་གཙང་བཙོག་མི་བྱེད་པ་ཁྱི་ཕག་ལྟ་བུའི་བློ་བཞག་བྱ་དགོས་པ་བཅས་སོ། །

language:
Tibetan