Skip to main content Skip to search
blo bzang don ldan
ID:
T238321
  • བློ་བཟང་དོན་ལྡན (Tibetan, Tibetan script, Original)
    • > blo bzang don ldan (Tibetan, Latin script, Transliteration-THL Extended Wylie Transliteration)
    • > lo zang dönden (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

རྗེ་འདི་ནི་སྤྱི་ལོའི་དུས་རབས་ཉི་ཤུ་པའི་འགོ་ཙམ་ལ་སྐུ་འཁྲུངས། ཆུང་དུས་འབྲས་སྤུངས་བློ་གསལ་གླིང་ལ་ཆོས་ཞུགས་ཐོག མདོ་སྔགས་གཞུང་ལུགས་རྒྱ་མཚོ་ལྟ་བུར་གསན་བསམ་དཔྱིས་ཕྱིན་མཛད། དེ་རྗེས་བྱ་བྲལ་ལྟ་བུས་དབེན་གནས་ལྷ་ལུང་རི་ཁྲོད་དུ་བཞུགས། དམ་ཆོས་སྡུག་བསྔལ་ཞི་བྱེད་ཀྱི་ཆོས་སྡུག་བསྔལ་ཞི་བྱེད་ཀྱི་ཆོས་འཁོར་བྱ་བས་དུས་འདར་བར་མཛད། བཀའ་རྩོམ། 《ལམ་ཟབ་མོ་ཐབས་ཤེས་ཀྱི་སྤྱོད་ཡུལ་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་ཚུལ་ཁྲིད་ཆོག་དགྲ་ལས་རྣམ་རྒྱལ》《ཟབ་ལམ་གཅོད་ཀྱི་ཁྲིད་ཡིག་མ་ཏི་བྷ་དྲ་ཀི་རྟིས་སྦྱར་བ》《གཅོད་ཁྲིད་བདག་འཛིན་ཚར་གཅོད》སོགས་པོ་ཏི་ཆུང་བ་གཅིག་ཙམ་མཛད། རབ་བྱུང་བཅུ་དྲུག་པའི་ལྕགས་སྟག(༡༩༥༠)ལོར་དྭགས་པོ་གླང་མདུན་དུ་སྐུ་གཤེགས།

language:
Tibetan

2. Thupten Phuntsok Dictionary

རྗེ་འདི་ནི་སྤྱི་ལོའི་དུས་རབས་ཉི་ཤུ་པའི་འགོ་ཙམ་ལ་སྐུ་འཁྲུངས། ཆུང་དུས་འབྲས་སྤུངས་བློ་གསལ་གླིང་ལ་ཆོས་ཞུགས་ཐོག མདོ་སྔགས་གཞུང་ལུགས་རྒྱ་མཚོ་ལྟ་བུར་གསན་བསམ་དཔྱིས་ཕྱིན་མཛད། དེ་རྗེས་བྱ་བྲལ་ལྟ་བུས་དབེན་གནས་ལྷ་ལུང་རི་ཁྲོད་དུ་བཞུགས། དམ་ཆོས་སྡུག་བསྔལ་ཞི་བྱེད་ཀྱི་ཆོས་འཁོར་བྱ་བས་དུས་འདའ་བར་མཛད། བཀའ་རྩོམ། ལམ་ཟབ་མོ་ཐབས་ཤེས་ཀྱི་སྤྱོད་ཡུལ་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་ཚུལ་ཁྲིད་ཆོག་དགྲ་ལས་རྣམ་རྒྱལ》 ཟབ་ལམ་གཅོད་ཀྱི་ཁྲིད་ཡིག་མ་ཏི་བྷ་དྲ་ཀི་རྟིས་སྦྱར་བ》 གཅོད་ཁྲིད་བདག་འཛིན་ཚར་གཅོད》སོགས་པོ་ཏི་ཆུང་བ་གཅིག་ཙམ་མཛད། རབ་བྱུང་བཅུ་དྲུག་པའི་ལྕགས་སྟག (༡༧༥༠) ལོར་དྭགས་པོ་གླང་མདུན་དུ་སྐུ་གཤེགས།

language:
Tibetan

3. gangs can mkhas grub rim byon ming mdzod

[1169] ཁོང་གི་འཁྲུངས་ལོ་མི་གསལ། རབ་བྱུང་བཅུ་དྲུག་ལྕགས་ཕོ་སྟག་ལོ་སྟེ་སྤྱི་ལོ 1950 ལོར་དྭགས་པོ་གླང་མདུན་དུ་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་འབྲས་སྤུངས་བློ་གསལ་གླིང་གི་ཆོས་སྒོར་ཞུགས་ཏེ་དགེ་བསྙེན་དང་། རབ་བྱུང་། དགེ་ཚུལ། དགེ་སློང་གི་སྡོམ་པ་མནོས་ཤིང་ཚུལ་ཁྲིམས་གཙང་མ་མིག་འབྲས་བཞིན་དུ་བསྲུངས། ཐོག་མར་ཡི་གེའི་སྦྱོར་ཀློག་ནས་བཟུང་སྟེ་གཞུང་ཆེན་བཀའ་པོད་ལྔ་དང་། གསང་ཆེན་རྒྱུད་སྡེ་བཞི་ལ་ཐོས་བསམ་ནན་ཏན་མཛད། དེ་ནས་བྱ་བྲལ་རྟོགས་ལྡན་གྱི་ངང་ཚུལ་འཛིན་ཏེ་དབེན་པའི་གནས་ཡུལ་ལྷ་ལུང་རི་ཁྲོད་དུ་ཕེབས་ནས་སྒྲུབ་པ་ཉམས་ལེན་ལ་བརྩོན་པ་མཛད་ཅིང་སྒྲུབ་རྒྱུད་བསྟན་པའི་རྒྱལ་མཚན་འཛིན་ནས་དུས་འདའ་བར་མཛད་དོ། །ཁོང་གི་གསུང་རྩོམ་ནི《གཅོད་ཀྱི་གདམས་པ་ཐར་འདོད་དེད་དཔོན》དང་། 《གཅོད་ཀྱི་གདམས་ངག་ཕུལ་བྱུང་གསེར་གྱི་ཕྲེང་བ》། 《ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚིགས་སུ་བཅད་པ་ཆེན་མོ》། 《གཅོད་ཁྲིད་བདག་འཛིན་ཚར་གཅོད》། 《དཀར་འགྱེད་ཀྱི་གདམས་པ་ཟུར་དུ་བཀོལ་བ》བཅས་ཆོས་ཚན་བཅུ་གཉིས་ལོངས་པའི་པོད་གཅིག་བཞུགས་སོ། །

language:
Tibetan