Skip to main content Skip to search
blo bzang shes rab
ID:
T238322
  • བློ་བཟང་ཤེས་རབ (Tibetan, Tibetan script, Original)
    • > blo bzang shes rab (Tibetan, Latin script, Transliteration-THL Extended Wylie Transliteration)
    • > lo zang sherab (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རི་མོ་མཁས་ཅན་ཞིག་ཡིན། སྤྱི་ལོ་ (༡༩༢༤) ལོར་མདོ་སྨད་རྔ་པབ་ཁུལ་དུ་སྐུ་འཁྲུངས། དགུང་ལོ་བརྒྱད་ཙམ་ནས་རང་གི་ཞང་པོའི་དྲུང་ནས་རིག་གནས་དང་རི་མོ་གསན་བཞེས་མཛད་པ་མ་ཟད། དགུང་གྲངས་ཉེར་གཅིག་ལ་ཕེབས་སྐབས་མཁས་དབང་ཐུབ་བསྟན་ཆོས་རྒྱལ་གྱི་དྲུང་ནས་བོད་ཀྱི་རི་མོའི་གཞུང་ལུགས་དང་འབྲི་ཐབས་བུམ་པ་གང་བྱོའི་ཚུལ་དུ་གསན་ཏེ་ཟབ་སྦྱོང་གནད་སྨིན་མཛད་པས་མཁས་པའི་གྲགས་པ་རྒྱས། ཁོང་གི་ཕྱག་བཟོའི་བརྩམ་བྱར་མཚོན་ན། འབྲོག་ལས་འཕེལ་རྒྱས་ཞེས་པ་དང་། གེ་སར་རྒྱལ་པོ་ཞེས་པ། རྒྱ་བཟའ་ཝུན་ཤིང་ཀོང་ཇོ་བོད་དུ་ཕེབས་པ་ཞེས་པ། ཐོན་མི་སམ་བྷོ་ཊ་ཞེས་པ་སོགས་ལ་གཟེངས་བསྟོད་བྱ་དགའ་ཐོབ་པ་ཤ་སྟག་ཡིན་ནོ། །

language:
Tibetan