- blon po che bdun
- ID:
- T238334
- བློན་པོ་ཆེ་བདུན (Tibetan, Tibetan script, Original)
- > blon po che bdun (Tibetan, Latin script, Transliteration-THL Extended Wylie Transliteration)
- > lönpo ché dün (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
འདིར་ཆེ་བདུན་ཞེས་ལྡེའུ་ཆོས་འབྱུང་ལས་གསལ་ཡང་། གྲངས་འདྲེན་སྐབས་དགུ་བྱུང་བ་གང་ཡིན་བརྟག ༡.སྦས་ཆེ་བ་སྦས་བྱ་ཞུ་ཅན་ལྷ་བཙན་ལ་ནོར་བུ་ཀེ་ཀེ་རུའི་ཡི་གེ་དང་སྟག་གི་གུང་ཐོང་ཡོད་པས་ཆེ། ༢.འཆིམས་གཉལ་བ་རྒྱལ་གཟིགས་ཤུད་སྟེང་ལ་གཡུའི་གཡུང་དྲུང་ཆེན་པོ་དང་། བྲན་ཁྱིམ་དགུ་ཁྲི་ཡོད་པས་ཆེ། ༣.འབྲོ་ཁྲོམ་འདའ་ཆུང་བ་ལ་སེང་གེ་དཀར་མོའི་གོང་བླག་ཡོད་པས་ཆེ། ༤.སྣ་ནམ་རྒྱལ་གཉེར་བཟང་ནི་ཆོས་ཀྱི་བླ་མཁྱེན་ཡིན་པས་ཆེ། ༥.སྦྲང་རྒྱལ་སྒྲ་ལེགས་གཟིགས་ལ་གཡུའི་གཡུང་དྲུང་དང་གསེར་གྱི་ཡི་གེ་ཡོད་པས་ཆེ། ༦.ཅོག་རོ་སྟག་ཅན་གཟིག་ཅན་ལ་གསེར་ཡིག་དང་མཐའ་ཡི་སོ་ཁ་སྲུང་མཁན་ཡིན་པས་ཆེ། ༧.ཅོག་རོ་ཁོང་བཙན་ལ་འབངས་དགུ་བརྒྱ་དགུ་བཅུ་ཡོད་པས་ཆེ། ༨.སྣུབས་ཆེ་བ་ལ་དངུལ་གྱི་འབོ་ཆེན་དགུ་བཅུ་ཡོད་པས་ཆེ། ༩.མྱང་ཞྭ་བོ་ཆེ་ལ་གཡུ་ཞྭ་མདའ་གང་ཡོད་པས་ཆེ་བ་བཅས་སོ། །
- language:
- Tibetan
2. Thupten Phuntsok Dictionary
འདིར་ཆེ་བདུན་ཞེས་ལྡེའུ་ཆོས་འབྱུང་ལས་གསལ་ཡང་། གྲངས་འདྲེན་སྐབས་དགུ་བྱུང་བ་གང་ཡིན་བརྟག ༡སྦས་ཆེ་བ་སྦས་བྱ་ཞུ་ཅན་ལྷ་བཙན་ལ་ནོར་བུ་ཀེ་ཀེ་རུའི་ཡི་གེ་དང་སྟག་གི་གུང་ཐོང་ཡོད་པས་ཆེ། ༢ འཆིམས་གཉལ་བ་རྒྱལ་གཟིགས་ཤུད་སྟེང་ལ་གཡུའི་གཡུང་དྲུང་ཆེན་པོ་དང་། བྲན་ཁྱིམ་དགུ་ཁྲི་ཡོད་པས་ཆེ། ༣ འབྲོ་ཁྲོམ་འདའ་ཆུང་བ་ལ་སེང་གེ་དཀར་མོའི་གོང་བླག་ཡོད་པས་ཆེ། ༤ སྣ་ནམ་རྒྱལ་གཉེར་བཟང་ནི་ཆོས་ཀྱི་བླ་མཁྱེན་ཡིན་པས་ཆེ། ༥ སྦྲང་རྒྱལ་སྒྲ་ལེགས་གཟིགས་ལ་གཡུའི་གཡུང་དྲུང་དང་གསེར་གྱི་ཡི་གེ་ཡོད་པས་ཆེ། ༦ ཅོག་རོ་སྟག་ཅན་གཟིག་ཅན་ལ་གསེར་ཡིག་དང་མཐའ་ཡི་སོ་ཁ་སྲུང་མཁན་ཡིན་པས་ཆེ། ༧ ཅོག་རོ་ཁོང་བཙན་ལ་འབངས་དགུ་བརྒྱ་དགུ་བཅུ་ཡོད་པས་ཆེ། ༨ སྣུབས་ཆེ་བ་ལ་དངུལ་གྱི་འབོ་ཆེན་དགུ་འཕང་ཡོད་པས་ཆེ། ༩ མྱང་ཞྭ་བོ་ཆེ་ལ་གཡུ་ཞྭ་མདའ་གང་ཡོད་པས་ཆེ་བ་བཅས་སོ། །
- language:
- Tibetan