Skip to main content Skip to search
blon po se bzhin khu
ID:
T238339
  • བློན་པོ་སེ་བཞིན་ཁུ (Tibetan, Tibetan script, Original)
    • > blon po se bzhin khu (Tibetan, Latin script, Transliteration-THL Extended Wylie Transliteration)
    • > lönpo sé shyin khu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(薛仁贵 614—683)འདི་ཐང་རྒྱལ་རབས་ཀྱི་གཡས་ཀྱི་འཁོར་སྲུང་དམག་དཔོན་ཆེན་མོ(右领军卫将军)ཞིག་ཡོད་པ་དེའི་མིང་ལ་ཞོའི་རིན་ཀེ་ཞེས་ཟེར་བ་རྒྱ་ཡིག་ནས་བོད་སྐད་དུ་བསྒྱུར་སྐབས་སྒྲ་ཐོན་པོ་རང་མ་བྱུང་བ་འདྲ་ཞིང་། སྔར་རྒྱ་ཡིག་གི་སྒྲ་གདངས་བོད་སྐད་དུ་སྒྱུར་སྐབས་ཞོའི་ལ་སེ་དང་། རིན་ལ་ཞིན་དང་ཤིན་བཅས་སུ་བསྒྱུར་བ་ཆིང་རྒྱལ་རབས་ཀྱི་སྐབས་བྲིས་པའི་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་པའི་རྣམ་ཐར་ནང་བློན་ཆེན་དང་དཔོན་རིགས་ཀྱི་མིང་བྲིས་པའི་སྐབས་སུའང་དེ་འདྲ་མང་པོ་འདུག ཐང་ཀའོ་ཙུང་གི་ཞན་ཧིང་ཁྲི་ལོ་དང་པོ་ལྕགས་རྟ(༦༧༠)ལོར་བོད་དང་ལི་ཡུལ་པ་རྣམས་མཉམ་བསྡེབས་བྱས་ཏེ་གྲོང་ཁྱེར་ཀེ་ཙི་ལ་དམག་དྲངས་ནས་འཕྲོགས། ཨན་ཞིས་སྡེ་བཞི(དེང་སང་གི་ཏུན་ཧོང)བཅས་བོད་ལ་ཤོར་སྐབས། གོང་མས་གོང་གསལ་དཔོན་ཞོའི་རིན་ཀེ་སོགས་དམག་དཔོན་ཆེན་པོ་གསུམ་དམག་འབུམ་ཕྲག་བཅས་བཏང་ནས་བོད་ཀྱི་དམག་དཔོན་ཆེན་པོ་མགར་ཁྲི་འབྲིང་གི་དམག་དཔུང་དང་དམག་འཐབ་བྱས་ཀྱང་བོད་དམག་མ་ཐུབ་པར་འ་ཞའི་ཡུལ་རྣམས་བཅོམ་པའི་གནས་ཚུལ《ཐང་དེབ་གསར་མ》ལས་བཤད།

language:
Tibetan

2. Thupten Phuntsok Dictionary

འདི་ཐང་རྒྱལ་རབས་ཀྱི་གཡས་ཀྱི་འཁོར་སྲུང་དམག་དཔོན་ཆེན་མོ་ཞིག་ཡོད་པ་དེའི་མིང་ལ་ཞོའི་རིན་ཀེ་ཞེས་ཟེར་བ་རྒྱ་ཡིག་ནས་བོད་སྐད་དུ་བསྒྱུར་སྐབས་སྒྲ་ཐོན་པོ་རང་མ་བྱུང་བ་འདྲ་ཞིང་། སྔར་རྒྱ་ཡིག་གི་སྒྲ་གདངས་བོད་སྐད་དུ་སྒྱུར་སྐབས་ཞོའི་ལ་སེ་དང་།རིན་ལ་ཞིན་དང་ཤིན་བཅས་སུ་བསྒྱུར་བ་ཆིང་རྒྱལ་རབས་ཀྱི་སྐབས་བྲིས་པའི་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་པའི་རྣམ་ཐར་ནང་བློན་ཆེན་དང་དཔོན་རིགས་ཀྱི་མིང་བྲིས་པའི་སྐབས་སུའང་དེ་འདྲ་མང་པོ་འདུག ཐང་ཀའོ་ཙུང་གི་ཞན་ཧེང་ཁྲི་ལོ་དང་པོ་ལྕགས་རྟ (༦༧༠) ལོར་བོད་དང་ལི་ཡུལ་པ་རྣམས་མཉམ་བསྡེབས་བྱས་ཏེ་གྲོང་ཁྱེར་ཀེ་ཙི་ལ་དམག་དྲངས་ནས་འཕྲོག། ཨན་ཞིས་སྡེ་བཞི (དེང་སང་གི་ཏུན་ཧོང) བཅས་བོད་ལ་ཤོར་སྐབས། གོང་མས་གོང་གསལ་དཔོན་ཞོའི་རིན་ཀེ་སོགས་དམག་དཔོན་ཆེན་པོ་གསུམ་དམག་འབུམ་ཕྲག་བཅས་བཏང་ནས་བོད་ཀྱི་དམག་དཔོན་ཆེན་པོ་མགར་ཁྲི་འབྲིང་གི་དམག་དཔུང་དང་དམག་འཐབ་བྱས་ཀྱང་བོད་དམག་མ་ཐུབ་པར་འ་ཞའི་ཡུལ་རྣམས་བཅོམ་པའི་གནས་ཚུལཐང་དེབ་གསར་མ》ལས་བཤད།

language:
Tibetan