Skip to main content Skip to search
b+ha ra d+ha dza
ID:
T238355
  • བྷ་ར་དྷ་ཛ (Tibetan, Tibetan script, Original)
    • > b+ha ra d+ha dza (Tibetan, Latin script, Transliteration-THL Extended Wylie Transliteration)
    • > bha(?) ra dha(?) dza (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

རྒྱ་གར་གྱི་སྨན་པ་མཁས་པ་ཞིག འདིས་འཕགས་ཡུལ་གྱི་སྨན་གཞུང་ཁྱད་དུ་འཕགས་པ《འབུ་ཤག་མ་ཆེ་ཆུང》དང《སྦྱོར་བ་མར་གསར》ཞེས་པ་གཉིས་བསྒྱུར་བ་མ་ཟད། འདི་དང་ག་ལེས་ནོས་ཧན་ཝན་ཧད་གསུམ་གྱིས《མི་འཇིགས་པའི་མཚོན་ཆ》ཞེས་པ་སྨན་དཔྱད་ཀྱི་གཞུང་གསར་པ་བམ་པོ་བདུན་གྱི་བདག་ཉིད་ཅན་བརྩམས་ཏེ་སྲོང་བཙན་ལ་ཕུལ་བས། སྲོང་བཙན་གྱིས། ལུགས་ཆེན་གསུམ་པོའི་ཚུལ་དག་མ་རྟོགས་ན། །སྨན་པ་ཆེན་པོའི་གྲངས་སུ་མི་འགྲོ་སྟེ། །བདག་དང་གཞན་ལ་ཕན་པར་མི་ནུས་པས། །བར་སྣང་མཁའ་ལ་ཇི་ལྟར་མཐོས་བསྙབ་བཞིན། །བྷ་ར་དྷ་ཛ་དྲང་སྲོང་ཆེན་པོ་དང་། །ག་ལེས་ནོས་ནི་རྒྱ་ཚབ་ཐུ་བོ་དང་། ཧན་ཝན་ཧད་དེ་ས་བདག་དབང་བསྐུར་བ། །འཕྲུལ་ཆེན་པོ་གསུམ་པོ་བདུད་རྩི་བུམ་པ་བསྔགས། །ཞེས་གསུངས་པར་གྲགས། དེ་ལྟར་གསོ་དཔྱད་ཐམས་ཅད་ལུགས་སྡེ་གསུམ་དུ་བསྡུས་ནས་འཆད་པར་མཛད་པ་ལས། རྒྱ་གར་གྱི་ལུགས་ནི་བྷ་ར་དྷ་ཛས་དར་སྤེལ་གནང་ངོ་། དེ་ནས་རྒྱལ་པོས་བྱ་དགའ་དཔག་མེད་གནང་རྗེས་བྷ་ར་དྷ་ཛ་རང་ཡུལ་དུ་ཕེབས་པར་གྲགས།

language:
Tibetan

2. Thupten Phuntsok Dictionary

རྒྱ་གར་གྱི་སྨན་པ་མཁས་པ་ཞིག འདིས་འཕགས་ཡུལ་གྱི་སྨན་གཞུང་ཁྱད་དུ་འཕགས་པ་འབུ་ཤག་མ་བུ་ཆེ་ཆུང》དང་སྦྱོར་བ་མར་གསར》ཞེས་པ་གཉིས་བ་མ་ཟད། འདི་དང་ག་ལེས་ནོས། ཧན་ཝན་ཧད་གསུམ་གྱིསམི་འཇིགས་པའི་མཚོན་ཆ》ཞེས་པ་སྨན་དཔྱད་ཀྱི་གཞུང་གསར་བམ་པོ་བདུན་གྱི་བདག་ཉིད་ཅན་ཏེ་སྲོང་བཙན་ལ་ཕུལ་བས། སྲོང་བཙན་གྱིས། ལུགས་ཆེན་གསུམ་པོའི་ཚུལ་དག་མ་རྟོགས་ན། །སྨན་པ་ཆེན་པོའི་གྲངས་མི་འགྲོ་སྟེ། །བདག་དང་གཞན་ལ་ཕན་པར་མི་ནུས་པས། །བར་སྣང་མཁས་ལ་ཇི་ལྟར་མཐོས་བསྙབ་བཞིན། །བྷ་ར་དྷ་ཛ་དྲང་སྲོང་ཆེན་པོ་དང་། །ག་ལེས་ནོས་ནི་རྒྱ་ཚབ་ཐུ་བོ་དང་། །ཧན་ཝན་ཧད་དེ་ས་བདག་དབང་བསྐུར་བ། །འཕྲུལ་ཆེན་གསུམ་པོ་བདུད་རྩི་བུམ་པ་བསྔགས། །ཞེས་གསུངས་པར་གྲགས། དེ་ལྟར་གསོ་དཔྱད་ཐམས་ཅད་ལུགས་སྡེ་གསུམ་དུ་བསྡུས་ནས་འཆད་པར་མཛད་པ་ལས་། རྒྱ་གར་གྱི་ལུགས་ནི་བྷ་ར་དྷ་ཛས་དར་སྤེལ་གནང་ངོ་། །དེ་ནས་རྒྱལ་པོས་བྱ་དགའ་དཔག་མེད་གནང་རྗེས་བྷ་ར་དྷ་ཛ་རང་ཡུལ་དུ་ཕེབས་པར་གྲགས།

language:
Tibetan