Skip to main content Skip to search
dbang phyug nag po'i rgyud
ID:
T238392
  • དབང་ཕྱུག་ནག་པོའི་རྒྱུད (Tibetan, Tibetan script, Original)
    • > dbang phyug nag po'i rgyud (Tibetan, Latin script, Transliteration-THL Extended Wylie Transliteration)
    • > wangchuk nakpö gyü (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

གྲངས་ཅན་ཕྱི་མ་རྣམས་ཀྱིས་ཡིད་ཆེས་པའི་ལུང་གི་ཚད་མར་འདོད་པ་ཞིག་སྟེ། ལྷ་ཆེན་དབང་ཕྱུག་གིས་རྗེས་སུ་བཟུང་བའི་དྲང་སྲོང་ཆུ་ཀླུང་གིས་རྩོམ་པའོ། །དེས《དབང་ཕྱུག་ནག་པོའི་རྒྱུད་སུམ་ཅུ་པ་དང་དྲུག་ཅུ་པ》སོགས་བརྩམས་ནས་གྲངས་ཅན་ཕྱི་མ་སྟེ་གྲངས་ཅན་ལྷར་བཅས་པ་རྣམས་ཀྱིས་སྟོན་པར་འཛིན་པའོ། །ནང་དོན་གཙོ་བོ་ནི་རྒྱུ་འབྲས་རང་བཞིན་གཅིག་ཀྱང་རྣམ་འགྱུར་ཐ་དད་དུ་འགྱུར་བ་གཙོ་བོ་ཁོ་ནས་བྱས་པ་མ་ཡིན་ཏེ། གཙོ་བོ་ལ་སེམས་མེད་པའི་ཕྱིར། སེམས་མེད་ན་བྱི་གྱིས་རློབས་པ་པོ་མེད་ཅིང་། དེ་མེད་ན་འབྲས་བུ་རྩོམ་པར་མི་བྱེད་པའི་ཕྱིར། དེས་ན་དབང་ཕྱུག་ཉིད་གཙོ་བོ་ལ་ལྟོས་ནས་འབྲས་བུ་རྣམས་བྱིན་གྱིས་བརླབས་པར་འདོད་པ་ཡིན་ཟེར་རོ། །

language:
Tibetan

2. Thupten Phuntsok Dictionary

གྲངས་ཅན་ཕྱི་མ་རྣམས་ཀྱིས་ཡིད་ཆེས་པའི་ལུང་གི་ཚད་མར་འདོད་པ་ཞིག་སྟེ། ལྷ་ཆེན་དབང་ཕྱུག་གིས་རྗེས་སུ་བཟུང་བའི་དྲང་སྲོང་ཆུ་ཀླུང་གིས་བརྩམས་པའོ། །དེསདབང་ཕྱུག་ནག་པོའི་རྒྱུད་སུམ་ཅུ་པ་དང་དྲུག་ཅུ་པ》སོགས་བརྩམས་ནས་གྲངས་ཅན་ཕྱི་མ་སྟེ་གྲངས་ཅན་ལྷར་བཅས་པ་རྣམས་ཀྱིས་སྟོན་པར་འཛིན་པའོ། །ནང་དོན་གཙོ་བོ་ནི་རྒྱུ་འབྲས་རང་བཞིན་གཅིག་ཀྱང་རྣམ་འགྱུར་ཐ་དད་དུ་འགྱུར་བ་གཙོ་བོ་ཁོ་ནས་བྱས་པ་མ་ཡིན་ཏེ། གཙོ་བོ་ལ་སེམས་མེད་པའི་ཕྱིར། སེམས་མེད་ན་བྱིན་གྱིས་རློབས་པ་པོ་མེད་ཅིང་། དེ་མེད་ན་འབྲས་བུ་རྩོམ་པར་མི་བྱེད་པའི་ཕྱིར། དེས་ན་དབང་ཕྱུག་ཉིད་གཙོ་བོ་ལ་ལྟོས་ནས་འབྲས་བུ་རྣམས་བྱིན་གྱིས་བརླབས་པར་འདོད་པ་ཡིན་ཟེར་རོ། །

language:
Tibetan