- dbang phyug sa bon
- ID:
- T238394
- དབང་ཕྱུག་ས་བོན (Tibetan, Tibetan script, Original)
- > dbang phyug sa bon (Tibetan, Latin script, Transliteration-THL Extended Wylie Transliteration)
- > wangchuk sabön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
སྔོན་གྱི་གཏམ་རྒྱུད་དང་སྦྱར་ནས་བཏགས་པའི་དངུལ་ཆུའི་གབ་མིང་གི་རྣམ་གྲངས་ཤིག་སྟེ། སྡེ་དགེ་དྲུང་འཚོ་བ་གུ་རུ་འཕེལ་གྱིས་མཛད་པའི་སྨན་གྱི་བརྡ་བསྡུས་དང་གབ་མིང་འགའ་ཞིག་བཀྲོལ་བ་བློ་གསལ་མགྲིན་པའི་རྒྱན་ལས། དབང་ཕྱུག་ས་བོན་ནི་དངུལ་ཆུའི་གབ་མིང་སྟེ། དེ་ལ་ཅིའི་ཕྱིར་དབང་ཕྱུག་ས་བོན་ཞེས་ན། སྔོན་ལྷ་ཆེན་དབང་ཕྱུག་གིས་མ་འོངས་པར་ནད་ཀྱི་འཇིགས་པ་ལས་སྒྲོལ་བའི་ཕྱིར་རང་གི་ཐིག་ལེ་རྒྱུན་མི་འཆད་པ་བཏང་ནས་འགྲོ་བའི་དོན་མཛད་ཅེས་ཕྱིར་རོལ་པ་རྣམས་ཀྱིས་དེ་ལྟར་གླེང་ནས་མིང་དུ་དེ་ལྟར་གྲགས་ནའང་རང་རེ་ནང་པ་རྣམས་ཀྱིས་དཔལ་འཁོར་ལོ་སྡོམ་པའི་བྱང་སེམས་བབས་ཏེ་འགྲོ་བའི་དོན་བྱེད་པར་འདོད་དོ། །ཞེས་གསུངས།
- language:
- Tibetan