- dbang bzhi'i 'bras bu thob tshul gyi dpe
- ID:
- T238412
- དབང་བཞིའི་འབྲས་བུ་ཐོབ་ཚུལ་གྱི་དཔེ (Tibetan, Tibetan script, Original)
- > dbang bzhi'i 'bras bu thob tshul gyi dpe (Tibetan, Latin script, Transliteration-THL Extended Wylie Transliteration)
- > wang shyi drebu tob tsul gyi pé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ཐོག་མར་བུམ་དབང་ནི། སློབ་དཔོན་གྱིས་བུམ་པའི་དབང་བསྐུར་བས་ཕུང་ཁམས་དེ་བཞིན་གཤེགས་པ་ཡབ་ཡུམ་དུ་ཤེས་པའི་མཉམ་པ་སྦྱར་བ་ལས་བྱུང་བའི་དགའ་བ་ཉིད་རྡོ་རྗེ་གསུམ་རོ་གཅིག་ཏུ་རྟོགས་པ་དང་། དེ་ལྟ་བུའི་ལུས་དཀྱིལ་སྒོམ་པ་སྟེ་རྡུལ་ཚོན་ལ་དཀྱིལ་འཁོར་མངོན་སུམ་དུ་མཐོང་ཞིང་། ལམ་ལ་བར་ཆད་མ་བྱུང་ན་ཚེ་འདི་ཉིད་ལ་ས་བརྒྱད་པའི་བར་བགྲོད་ནུས་པར་གསུངས། གཉིས་པ་གསང་དབང་ནི། གསང་བའི་བྷ་གའི་དཀྱིལ་འཁོར་དུ་ཐབས་ཤེས་ཀྱི་རྫས་བྱིན་པས་གཟུང་འཛིན་གྱི་དྲི་མ་དག་པའི་མཆོག་ཏུ་དགའ་བ་རྟོགས་པ་ཡིན་ལ། ཧ་ལམ་ནི་གཙོ་བོར་འཁོར་ལོ་དྲུག་གི་བྷ་ག་རླུང་དང་། གཏུམ་མོའི་རྣལ་འབྱོར་སྒོམ་པ་ཡིན་པས། རྗེ་བཙུན་མི་ལས་ཐུགས་ཉམས་སུ་བཞེས་ནས་མཆོག་གི་དངོས་གྲུབ་བརྙེས་པ་ལྟ་བུའོ། །ཤེར་དབང་ནི། ཤེས་རབ་ལ་བརྟེན་ནས་ཀུན་རྫོབ་བྱང་སེམས་ཀྱི་དཀྱིལ་འཁོར་དུ་ཁྱད་པར་གྱི་དགའ་བའམ་དགའ་བྲལ་གྱི་ཡེ་ཤེས་མྱོང་བ་སྟེ། འདིའི་ལམ་ནི་ལས་རྒྱ་གཙོ་བོར་མཛད་པ་རྗེ་རས་ཆུང་པ་རྗེས་འབྲང་དང་བཅས་པས་ཉམས་སུ་བཞེས་པ་ལྟ་བུའོ། །དབང་བཞི་པ་ནི། དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གཞི་འབྲས་དབྱེར་མེད་མངོན་སུམ་དུ་རྟོགས་པ་ལྷན་སྐྱེས་པའི་དགའ་བདེ་ཤར་བ་སྟེ། དབང་དོན་སློབ་དཔོན་གྱི་ཚིག་ཁོ་ནས་མཚོན་པ་དང་། འདིའི་ལམ་ནི་ཕྱག་རྒྱ་ཆེན་པོར་གྲགས་པ་འཁོར་བའི་རང་བཞིན་ལ་བསལ་བཞག་དང་བྲལ་བར་མ་བཅོས་ཐ་མལ་ཤེས་པའི་ངང་དུ་འཇོག་པ་རྗེ་སྒམ་པོ་པ་ནས་བརྒྱུད་དེ་སྐལ་ལྡན་རྣམས་ས་ལམ་གཅིག་ཆོད་དུ་འཁྲིད་པའི་ཚུལ་ལྟ་བུའོ། །ཞེས་སྟོང་ཐུན་རབ་གསལ་ལས་གསུངས།
- language:
- Tibetan