Skip to main content Skip to search
dbang rin chen chos rgyal
ID:
T238415
  • དབང་རིན་ཆེན་ཆོས་རྒྱལ (Tibetan, Tibetan script, Original)
    • > dbang rin chen chos rgyal (Tibetan, Latin script, Transliteration-THL Extended Wylie Transliteration)
    • > wang rinchen chögyal (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

དབང་རིན་ཆེན་ཆོས་ཀྱི་རྒྱལ་པོ་ནི་འབྲི་གུང་གི་གདན་སར་དངོས་སུ་མ་བཞུགས་ཀྱང་ཆོས་བརྒྱུད་ལ་བཀའ་དྲིན་ཆེ་བ་ཡིན་ཞེས《འབྲི་གུང་གདན་རབས་གསེར་ཕྲེང》དུ་གསལ་ཞིང་། རྗེ་འདི་ཉིད་ནི་གཞུ་སྨད་མཁར་ཐོག་གཞིས་སུ་ཡབ་གདན་རབས་བཅུ་གསུམ་པ་ཆོས་རྒྱལ་རིན་ཆེན་དཔལ་བཟང་དང་ཡུམ་ཆོས་རྒྱལ་བཟང་མོའི་སྲས་སུ་ས་འབྲུག(༡༤༤༨)ལོར་སྐུ་འཁྲུངས། གདན་རབས་བཅུ་བཞི་པ་རིན་ཆེན་ཆོས་ཀྱི་རྒྱལ་མཚན་དང་ཡུམ་མི་གཅིག་པའི་གཅེན་པོ་ཡིན། དགུང་ལོ་བཅུ་གསུམ་ནས་ཆོས་ལུང་ཚོགས་པའི་མཁན་ཆེན་ཉི་མ་རྒྱལ་མཚན་བསྟེན་ནས་ཐུན་མོང་དང་ཐུན་མོང་མིན་པའི་རིག་གནས་ལ་སྦྱངས་པ་མཐར་ཕྱིན་མཛད། དུས་དེ་འབྲི་གུང་གི་དབང་བྱེད་ཕལ་ཆེར་བདུད་དབང་དུ་སོང་ནས་འཆད་ཉན་མཛད་པོ་ཆེར་མ་དར་བས་ཆོས་བརྒྱུད་ཕལ་ཆེར་ཆད་པ་ལ་རྗེ་འདིས་སྒྲུབ་བརྒྱུད་ཀྱི་བསྟན་པ་ཉམས་པ་གསོ་ཕྱིར་དམ་གཙང་མཁས་གྲུབ་རྣམས་ལས་ཁེངས་དྲེགས་སྤངས་ཏེ་མོས་གུས་ཀྱིས་ཕྱག་ཆེན་ལྔ་དང་། ན་རོ་ཆོས་དྲུག འཇིག་རྟེན་གསུམ་མགོན་གྱི་ཟབ་ཆོས་མ་ལུས་པ་སོགས་གསན་བསམ་མཛད་ནས་འབྲི་གུང་དུ་ཕེབས། མཁས་ཤིང་གྲུབ་པའི་དབང་ཕྱུག་ཏུ་གྱུར། སྟག་ལུང་པའི་གདུང་ལས་བྱུང་བའི་རིག་མ་ཞིག་དང་། ཁྲི་ཁང་པའི་རིགས་ཀྱི་རིག་མ་ཞིག་ཁབ་ཏུ་བཞེས་ཀྱང་གདུང་སྲས་མ་བྱུང་། གཅུང་རིན་ཆེན་ཆོས་ཀྱི་རྒྱལ་མཚན་སྐུ་གཤེགས་རྗེས་གདན་སའི་ཁྲིར་མངའ་གསོལ་ཡང་མ་ཕེབས་པར་བྱ་བྲལ་གྱི་བརྟུལ་ཞུགས་ཁོ་ན་བཟུང་། མིང་རྒྱལ་རབས་ཀྱི་གོང་མས་ཀྱང་ཝང་གི་ལུང་ལས་གནང་། ཝང་མཁར་ཐོག་པར་གྲགས། ཐུབ་དབང་གི་གསེར་སྐུ་དང་བསྟན་འགྱུར་སོགས་བཞེངས་པར་མཛད། སྐྱེ་བོ་མི་བསུན་པ་འགས་དུག་ཀྱི་སྦྱོར་བ་ནང་མཆོད་དུ་བཏབ་ནས་དྲངས་པར། ཁོ་བོ་དུག་ལྔའི་དུག་ལས་རྒྱལ་བ་ལ། འཇིག་རྟེན་དུག་གིས་རྫི་བར་ག་ལ་ནུས། ཞེས་སོགས་མགུར་གསུངས་ནས་དུག་གིས་མ་ཐུབ། དེ་ནས་འབྲི་གུང་བྱང་ཆུབ་གླིང་རིན་པོ་ཆེར་བཞུགས། ཆོས་བརྒྱུད་ཐམས་ཅད་རྒྱལ་དབང་ཀུན་དགའ་རིན་ཆེན་ལ་གནང་ནས་བསྟན་པ་གཏད། བུ་སློབ་གཞན་ལ་ཡང་ཞལ་བཀོད་རྒྱ་ཆེ་བ་དང་བཅས་བསྩལ་ཏེ་ཤིང་བྱི(༡༥༠༤)ལོར་དགུང་གྲངས་ང་བརྒྱད་སྟེང་གཟུགས་སྐུའི་བཀོད་པ་བསྡུས་སོ། །

language:
Tibetan

2. Thupten Phuntsok Dictionary

དབང་རིན་ཆེན་ཆོས་ཀྱི་རྒྱལ་པོ་ནི་འབྲི་གུང་གི་གདན་སར་དངོས་སུ་མ་བཞུགས་ཀྱང་ཆོས་བརྒྱུད་ལ་བཀའ་དྲིན་ཆེ་བ་ཡིན་ཞེསའབྲི་གུང་གདན་རབས་གསེར་ཕྲེང》དུ་གསལ་ཞིང་། རྗེ་འདི་ཉིད་ནི་གཞུ་སྨད་མཁར་ཐོག་གཞིས་སུ་ཡབ་གདན་རབས་བཅུ་གསུམ་པ་ཆོས་རྒྱལ་རིན་ཆེན་དཔལ་བཟང་དང་ཡུམ་ཆོས་རྒྱལ་བཟང་མོའི་སྲས་སུ་འབྲུག (༡༤༤༨) ལོར་སྐུ་འཁྲུངས། གདན་རབས་བཅུ་བཞི་པ་རིན་ཆེན་ཆོས་གྱི་རྒྱལ་མཚན་དང་ཡུམ་མི་གཅིག་པའི་གཅེན་པོ་ཡིན། དགུང་ལོ་བཅུ་གསུམ་ནས་ཆོས་ལུང་ཚོགས་པའི་མཁན་ཆེན་ཉི་མ་རྒྱལ་མཚན་བསྟེན་ནས་ཐུན་མོང་དང་ཐུན་མོང་མིན་པའི་རིག་གནས་ལ་སྦྱངས་པ་མཐར་ཕྱིན་མཛད། བུ་སློབ་གཞན་ལ་ཡང་ཞལ་བཀོད་རྒྱ་ཆེ་བ་དང་བཅས་བསྩལ་ཏེ་ཤིང་བྱི (༡༥༠༤) ལོར་དགུང་གྲངས་ང་བརྒྱད་སྟེང་གཟུགས་སྐུའི་བཀོད་པ་བསྡུས་སོ། །

language:
Tibetan