- dbal paN tshang rnying ma'i dgon
- ID:
- T238426
- དབལ་པཎ་ཚང་རྙིང་མའི་དགོན (Tibetan, Tibetan script, Original)
- > dbal paN tshang rnying ma'i dgon (Tibetan, Latin script, Transliteration-THL Extended Wylie Transliteration)
- > welpentsang nyingmé gön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
མིང་གཞན་ཐུབ་བསྟན་ཡོངས་འདུས་གླིང་། ཁམས་ཀྱི་རྡོ་གྲུབ་དགོན་པའི་བླ་མ་དབང་དར་གྱིས་རབ་བྱུང་བཅུ་བཞི་པའི་ཆུ་སྦྲུལ(༡༨༣༣)ལོར་བཏབ་པར་བཤད། གྲུབ་མཐའ་རྙིང་མ་བ་ཡིན། རབ་བྱུང་བཅུ་དྲུག་པའི་ཆུ་བྱ་ལོ(༡༩༣༣)མདོ་ཚང་གིས་ད་ལྟའི་གདན་འབུར་ལ་དགོན་ས་སྤོས། ཁམས་ཀྱི་རྡོ་གྲུབ་དགོན་པའི་དགོན་ལག་ཏུ་གཏོགས། ད་ལྟའི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་དབལ་པཎ་ཚང་ཤང་གི་ཁོངས་སུ་ཡོད།
- language:
- Tibetan