Skip to main content Skip to search
dbas rgyal to re stag rna can
ID:
T238429
  • དབས་རྒྱལ་ཏོ་རེ་སྟག་རྣ་ཅན (Tibetan, Tibetan script, Original)
    • > dbas rgyal to re stag rna can (Tibetan, Latin script, Transliteration-THL Extended Wylie Transliteration)
    • > wé gyal to ré tak nachen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(སྦས་སྟག་རྣ་ཅན་ཞེས་པའང་སྣང)འདི་ཉིད་རྒྱལ་པོ་གླང་དར་མའི་བློན་པོ་གཙོ་བོ་ཡིན། རྒྱལ་པོ་ཁྲི་རལ་པ་ཅན་གྱི་སྐུ་དུས་སུ་འདི་ཉིད་ཀྱིས་བློན་ཆེན་བྲན་ཀ་དཔལ་ཡོན་དང་བཙན་པོ་ཁྲི་རལ་པ་ཅན་གྱི་བཙུན་མོ་དཔལ་གྱི་ངང་ཚུལ་མ་ལྐོག་ཏུ་ཉལ་བཤམས་སོ་ཞེས་ཕྲ་མ་བཅུག་ནས་ཁྲིམས་ལ་སྦྱར་ཏེ་མཐར་བློན་ཆེན་པོ་བྱང་ཐང་དུ་བཀུམས་མ་དང་གཞི་མེད་ཀྱི་ཕྲ་མ་དེར་བཙུན་མོ་ཡིད་མུག་སྟེ་ཕོ་བྲང་གི་ཡང་སྟེང་ནས་མཆོངས་ཏེ་རང་སྲོག་ལྕེབས། དེ་ནས་མོ་མ་དང་ཕྱྭ་མཁན་རྣམས་ལ་ངན་སྐུལ་བྱས་ཏེ་བཙན་པོའི་གཅེན་པོ་ལྷ་སྲས་གཙང་མ་འདིར་བཞུགས་ན་རྒྱལ་ཁྲིམས་འཇིག་པས་སྤུགས་དགོས་ཟེར་ནས་མོན་དུ་སྤྱུགས། མཐར་དབས་ཏོ་རེ་ལ་སོགས་པས་རྒྱལ་པོ་ཁྲི་རལ་པ་ཅན་ཞལ་ལྟག་པར་གཅུས་ནས་བཀྲོངས་པ་སོགས་དེ་ནི་རྒྱལ་པོ་གླང་དར་མའི་སྐབས་སངས་རྒྱས་ཀྱི་བསྟན་པ་སྣུབ་མཁན་གྱི་ངན་སྐུལ་མཁན་དང་གདོང་ལེན་པ་ཞིག་ཡིན་ནོ། །

language:
Tibetan

2. Thupten Phuntsok Dictionary

(སྦས་སྟག་རྣ་ཅན་ཞེས་པའང་སྣང) འདི་ཉིད་རྒྱལ་པོ་གླང་དར་མའི་བློན་པོ་གཙོ་བོ་ཡིན། རྒྱལ་པོ་ཁྲི་རལ་པ་ཅན་གྱི་སྐུ་དུས་སུ་འདི་ཉིད་ཀྱིས་བློན་ཆེན་པོ་བྲན་ཀ་དཔལ་ཡོན་དང་བཙན་པོ་ཁྲི་རལ་པ་ཅན་གྱི་བཙུན་མོ་དཔལ་གྱི་ངང་ཚུལ་མ་ལྐོག་ཏུ་ཉལ་བཤམས་སོ་ཞེས་ཕྲ་མ་བཅུག་ནས་ཁྲིམས་ལ་སྦྱར་ཏེ་མཐར་བློན་ཆེན་པོ་བྱང་ཐང་དུ་བཀུམས་པ་དང་གཞི་མེད་ཀྱི་ཕྲ་མ་དེར་བཙུན་མོ་ཡིད་མུག་སྟེ་ཕོ་བྲང་གི་ཡང་སྟེང་ནས་མཆོངས་ཏེ་རང་སྲོག་ལྕེབས། དེ་ནས་མོ་མ་དང་ཕྱྭ་མཁན་རྣམས་ལ་ངན་སྐུལ་བྱས་ཏེ་བཙན་པོའི་གཅེན་པོ་ལྷ་སྲས་གཙང་མ་འདི་བཞུགས་ན་རྒྱལ་ཁྲིམས་འཇིག་པས་སྤྱུགས་དགོས་ཟེར་ནས་མོན་དུ་སྤྱུགས། མཐར་དབས་ཏོ་རེ་ལ་སོགས་པས་རྒྱལ་པོ་ཁྲི་རལ་པ་ཅན་ཞལ་ལྟག་པར་གཅུས་ནས་བཀྲོངས་པ་སོགས་དེ་ནི་རྒྱལ་པོ་གླང་དར་མའི་སྐབས་སངས་རྒྱས་ཀྱི་བསྟན་པ་སྣུབ་མཁན་གྱི་ངན་སྐུལ་མཁན་དང་གདོང་ལེན་པ་ཞིག་ཡིན་ནོ། །

language:
Tibetan